ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙོན་པའི་དྲང་བདེན་ཉིན་མོར་པར་རིགས་འགྲེམ་སྟོན།


༄༅།། དེ་རིང་ཕྱི་ཟླ་༨་པའི་ཚེས་༡༠་ཉིན་ནི་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། བཞུགས་སྒར་རྡ་ས་ལའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་ལོར་ཁྲོམ་གཞུང་དུ་པར་རིགས་འགྲེམ་སྟོན་གྱི་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་གཏོང་བཞིན་པའི་ལས་འགུལ་ཞིག་སྤེལ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་བོད་པ་བཙོན་པ་ཚོ་དང་དམིགས་བསལ་བུད་མེད་བཙོན་པའི་གནས་སྟངས་ལ་རྟོག་ཞིབ་དང་ཞིབ་འཇུག་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་བོད་ལ་གཏོང་དགོས། རྒྱ་ནག་དམར་ཤོག་གཞུང་གིས་བོད་པ་དང་ཡུ་གུར་བ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་ཡུལ་སྡོད་སྒར་བཙུགས་ཡོད་པ་རྣམས་སྒོ་རྒྱག་པར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བདུན་བཏོན་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG