ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཉམས་པ་སླར་གསོ་ཚོགས་པའི་ལས་འགུལ།


༄༅།།ཕྱི་ཟླ་༨་པའི་༩་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉམས་པ་སླར་གསོ་ཚོགས་པའི་མི་མང་དང་བླངས་ལས་འགུལ་བ་༢༤་ཡིས་གངས་སྐྱིད་ལག་རྩེད་སྤོ་ལོའི་ཐང་དུ་ཁྲིམས་ཞིབ་པ་གསུམ་དགོངས་པ་ཞུ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཁོང་ཚོས་གཟའ་ཟླ་བ་ནས་ཟླ་མཇུག་བར་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད། བོད་ཀྱི་རྩ་དོན་འཐུས་ཤོར་མི་འགྲོ་བ་དང་ཁྲིམས་མཐུན་གྱི་དམངས་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ། ཁྲིམས་ཞིབ་པ་ཟུར་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཕྱི་ལ་ཐོན་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས། ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མ་ཐོན་ཚེ། ང་ཚོས་དེ་སྲིད་དུ་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན། ད་དུང་ས་གནས་གང་སར་ལས་འགུལ་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་བསྒྲགས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG