ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཞིག་གི་ཨ་ཞང་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་།


སྔ་ལོ་བོད་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་ཨ་མདོ་རེབ་གོང་ནས་ཡིན་པ་ རང་ལོ་༢༥ལ་སོན་པའི་ཞིང་པ་རྡོ་རྗེ་ལྷུན་གྲུབ་ལགས་འདས་པོ་དེ་ཉིད་ཀྱི་ཞང་པོ་ རེབ་གོང་གཡེར་གཤོང་དགོན་པའི་དགེ་འདུན་པ་དགུང་ལོ་༤༢ལ་སོན་པ་ཡར་འཕེལ་ལགས་ ས་གནས་ཀྱི་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ལྷག་ཙམ་ཞིག་གི་རིང་བཀག་ཉར་བྱས་པའི་རྗེས་སུ་མཐར་ སྤྱི་ཟླ་གསུམ་པའི་ཚེས་གཅིག་གི་ཉིན་ཁོང་ལོ་གཅིག་དང་ཟླ་བ་གསུམ་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG