ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཊམ་གྱིས་རྒྱ་ནག་གི་མ་རྐང་ཕྱིར་འཐེན་ཁྲིམས་གཞི་ལ་མཚན་རྟགས་བཀོད།


༄༅།། ཨ་རིའི་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༡༢་པའི་ཚེས་༡༩་ཉིན་ཨ་རིའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱིས་རེས་གཟའ་པ་སངས་ཉིན་ཁྲིམས་གཞི་གསར་པ་ཞིག་ལ་མཚན་རྟགས་བཀོད་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་དང་ཛ་དྲག་ཆེ་རུ་བཏང་ཡོད་ཅིང་། ཨ་རིའི་ལྟ་སྐུལ་ལས་ཁུངས་ཀྱིས་རྒྱ་ནག་གི་མ་རྐང་བཟོ་ཚོང་ལས་ཁང་ཁག་གི་དངུལ་རྩ་སོགས་ལ་ཞིབ་འཇུག་ནན་མོ་བྱེད་མ་ཐུབ་ཚེ། ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཕྱིར་འཐེན་བྱ་དགོས་པའི་ཐག་གཅོད་བྱས་འདུག ཁྲིམས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་གྲོས་འཆམ་བྱུང་ཡོད་པ་དང་སྲིད་འཛིན་ཊམ་གྱིས་མཚན་རྟགས་བཀོད་ནས་དངོས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG