ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གྲོས་ཚོཊ་འཐུས་མི་ཚོས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་སྙན་ཞུ་ཕུལ་བ།


༄༅།། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་༧༨་ཀྱིས་ཕྱི་སྲིད་ དྲུང་ཆེ་མེཀ་ཕོམ་ཕིའོ་ལ་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་སྙན་ཞུ་དོན་ཚན་གསུམ་ཅན་ཞིག་ཕུལ་ཡོད་ཅིང་། སྙན་ཞུ་དེར་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་འབྲེལ་ལས་ཁུངས་ཀྱི་མིང་ལ་འགྱུར་བ་བཏང་སྟེ་ཕྱི་སྲིད་ལྷན་ཁང་དང་ཐེ་ཝན་གྱི་འབྲེལ་བའི་ཚད་གཞི་མཐོ་རུ་གཏོང་རྒྱུ། ད་ལྟ་མཇུག་སྒྲིལ་མ་ཐག་པའི་ཨ་མི་རི་ཀ་དང་ཐེ་ཝན་གྱི་དཔལ་འབྱོར་གྲོས་སྡུར་ཁག་གི་རྨང་གཞིའི་ཐོག་ཏུ་ཕྱོགས་གཉིས་ཀྱི་རང་དབང་ཚོང་ལས་ཀྱི་གྲོས་མོལ་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་སོགས་འཁོད་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG