ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷ་སར་སྤོར་བཅུག་པའི་བོད་པ་ཚོར་དཀའ་ངལ་ཆེན་པོ།


༄༅།། ལོ་ཤས་གོང་དུ་རྒྱ་ནག་གཞུང་གིས་དབུལ་སྐྱོར་འཛུགས་སྐྲུན་གྱི་ལས་གཞིའི་འོག་བོད་ཀྱི་རྒྱལ་ས་ལྷ་སའི་སྐྱིད་ཆུའི་ཕར་ཕྱོགས་ཀྱི་གྲིབ་གྲོང་རྡལ་དུ་ས་གནས་གཞན་ནས་སྤོར་བཅུག་པའི་ཁྱིམ་ཚང་༧༠་ལྷག་གི་གྲོང་ཚོ་གསར་པ་ཞིག་ཆགས་ཡོད་པ་དེའི་མི་མང་ལ་འདོད་མོས་མེད་བཞིན་དུ་ལོ་ལྟར་ས་གནས་དེའི་རྒྱ་མིའི་དམག་སྒར་དེས་གླ་ཕོགས་ཧ་ཅང་དམའ་པོ་སྤྲད་ནས་ས་ཞིང་དང་སྔོ་ཚལ་འདེབས་ལས། ད་དུང་ལས་ཀ་གཞན་པ་བཙན་བཀོལ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་དེ་དག་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ཅེས་ལྷ་ས་ནས་མིང་བརྗོད་འདོད་མེད་པའི་ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་གྲིབ་གྲོང་རྡལ་དུ་ས་གནས་གཞན་ནས་མི་མང་སྤོར་བཅུག་སྟེ་གྲོང་གསེབ་ཅིག་ཆགས་ཡོད་པ་རེད། ད་ལྟ་ཧ་ལམ་ཁྱིམ་ཚང་༧༠་ལྷག་ཡོད་པ་དང་མི་མང་དེ་རྣམས་འཕན་པོ་དང་བྲག་ལག ས་སྨད་སོགས་ནས་རེད། རྒྱ་གཞུང་གིས་དབུལ་སྐྱོར་འཛུགས་སྐྲུན་ལས་གཞིའི་འོག་མི་མང་དེ་རྣམས་ས་དེར་སྤོར་བྱེད་དུ་བཅུག་ནས་ལོ་མང་འགྲོ་ཡི་ཡོད་མོད། འོན་ཀྱང་མི་མང་གིས་རང་གི་དཀའ་ངལ་རྣམས་གོང་རིམ་ལ་ལན་མང་ཞུས་ཀྱང་ས་ཆ་དམག་སྒེར་གྱི་ཡིན་ཞེས་བོད་པ་ཚོར་ས་ཞིང་འདེབས་ལས་བྱེད་དུ་འཇུག་གི་མེད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG