འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་འདེམས་ནང་བཙན་བྱོལ་བོད་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཏེ་འོས་ཤོག་འཕངས་ཡོད་པ་དེ་ནི། ལོ་རྒྱུས་ནང་ཐོག་མ་དེ་ཡིན་པ་དང་། རེས་གཟའ་ལྷག་པའི་ཉིན་ བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལ་ཁུལ་དུ་ས་གནས་ཀྱི་འཐུས་མི་འོས་འདེམས་བྱེད་པའི་སྐབས། བོད་མི་ཉིས་བརྒྱ་ལྷག་ཙམ་ཞིག་གིས་ཀྱང་འོས་ཤོག་འཕངས་ཡོད་པའི་སྐོར། རྒྱ་གར་གྱི་ཚགས་པར་ཁག་གིས་སྤེལ་བའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།