ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པའི་གཞིས་ཆགས་ཁག་ཅིག་ལ་འགོག་ཁབ་རྒྱག་སའི་ལྟེ་གནས་ཚུགས་པ།


༄༅།། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་ཏོག་དབྱིབས་ནད་དུག་གསར་འགོད་ལྷན་ཚོགས་སྐབས་སུ་འཕྲོས་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་རྒྱ་གར་གཞུང་གི་མཐུན་འགྱུར་རོགས་རམ་ལྟར་ལ་དྭགས་དང་བདེ་སྐྱིད་གླིང་། སྦེལ་ཀོབ་དང་མོན་གྷོ་སོགས་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཆེ་ཁག་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ས་ལྟེ་གནས་ཚུགས་ཡོད་ཅིང་། བོད་པ་རང་ལོ་༦༠་ཡན་ཆད་དང་ལོ་ན་༤༥་ཡན་ཆད་གྱི་ནད་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བསྐྱོན་འགོ་ཚུགས། ད་ལྟའི་བར་དུ་བོད་པ་བཙན་བྱོལ་བ་༣༣༢༠་ལ་སྔོན་འགོག་སྨན་ཁབ་རྒྱག་ཐུབ་པའི་ཡོད་ཅིང་། མང་ཚོགས་ལ་སྔོན་འགོག་སྨན་ཁབ་བརྒྱབ་སྟེ་ཡིད་གཟབ་བྱ་དགོས་ཞེས་ནན་བརྗོད་བྱས་སོང་།།

གཞན་ཡང་བདུན་ཕྲག་སྔོན་མར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་བརྒྱ་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་ཐོན། དེང་སྐབས་རྒྱུད་སྟོད་གྲྭ་ཚང་གི་གནས་སྟངས་ཅི་ཡིན་གྲྭ་ཚང་གི་འཕྲོད་བསྟེན་དང་ཤེས་ཡོན་སྡེ་ཚན་གྱི་ཕྱག་མཛོད་བློ་བཟང་ཀླུ་སྒྲུབ་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ནད་དུག་འགོས་པའི་དགེ་འདུན་པ་བརྒྱ་ཆ་༩༠་ཙམ་དཀའ་ངལ་མེད་པར་དྲག་སྐྱེད་བྱུང་སོང་། མི་ཁག་ཅིག་བདེ་པོ་ཅུང་ཙམ་མེད་པ་དང་ཛ་དྲག་གི་གནས་སུ་གྱུར་པ་རེ་གཉིས་ཤིག་བྱུང་བ་རྣམས་མྱུར་སྐྱོབ་ཐུབ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་གནས་བརྟེན་བགྲེས་པ་དགུང་ལོ་༨༠་ལྷག་ལ་ཕེབས་པ་ཞིག་ནད་དུག་གི་རྐྱེན་གྱིས་སྐུ་ཚེ་ཟིན་མ་སོང་ཞེས་ལན་འདེབས་གནང་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG