ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༢༠༢༠་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༢༠་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།

༄༅།། ཕྱི་ཟླ་༤་པའི་ཚེས་༢༦་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༠་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཁོད་པའི་ལོ་འཁོར་སྙན་ཐོ་ཞིག་དྲྭ་ལམ་དུ་འདོན་སྤེལ་བྱས་ཡོད་ཅིང་། སྙན་ཐོ་དེར་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བསྐོས་པའི་རྗེས་སུ་བོད་ནང་གི་ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་སོང་། བོད་ནང་དུ་རྒྱ་ནག་གཞུང་གིས་༢༠༢༠་ལོར་བརྟན་ལྷིང་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། ནག་སེལ་གཤེད་བཅོམ་བཅས་ཀྱི་ལས་འགུལ་སྤེལ་ནས་དྲག་གནོན་གྱི་སྲིད་བྱུས་ཁག་ལག་བསྟར་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་འདུག་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསལ་སྟོན་གནང་བར་མ་ཟད། སྙན་ཐོ་དེ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ལ་འདོན་སྤེལ་བྱས་ཤིང་། རྒྱ་ནག་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ཁག་དང་སྐད་གཉིས་སློབ་གསོ་ཟེར་བ་རྣམས་ནི་བོད་མི་མི་རིགས་འདི་རྒྱ་ནག་པར་བསྒྱུར་རྒྱུའི་ལས་དོན་ཆེན་པོ་ཞིག་གི་ཆ་ཤས་རེད་ཅེས་བཀོད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG