ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་གླིང་དུ་བོད་ཀྱི་དུས་སྟོན་ཐེངས་༡༣་པ་དྲྭ་ལམ་དུ་ཚོགས་པ།


༄༅།། ཨོ་གླིང་རྒྱལ་ཁབ་ཏུ་གནས་འཁོད་བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་དུས་སྟོན་ཐེངས་༡༣་པ་དེ་ཟླ་བ་འདིའི་ཚེས་༢༤་ནས་ཕྱི་ཟླ་༥་པའི་ཚེས་༤་བར་དུ་ཨོ་གླིང་གི་གྲོང་ཁྱེར་བྷིར་སི་བྷེན་ལ་དྲྭ་ལམ་དུ་སྐོང་ཚོགས་་བྱ་རྒྱུའི་གོ་སྒྲིག་གནང་འདུག ཉིན་བཅུའི་རིང་གི་དུས་སྟོན་ལ་བོད་ཀྱི་སྙན་ངག་པ་དང་སྒྱུ་རྩལ་བ། གཞས་པ་དང་རོལ་མོ་བ་འདྲ་མིན་ཞིག་མཉམ་ཞུགས་གནང་བཞིན་ཀྱི་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་དུས་སྟོན་གོ་སྒྲིག་གནང་མཁན་བསྟན་འཛིན་ཆོས་རྒྱལ་ལགས་སུ་བཅར་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG