ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྐྱོང་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་བྷེར་བཀའ་དྲིན་ཆེ་ཞུ།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་བོད་དོན་གླེང་སློང་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཐེབས་ཀྱི་ཡོད་པའི་འགན་འཁྲི་རྒྱ་ནག་ལ་འདུག་ཅེས་བཀའ་མོལ་ནན་པོ་གནང་བར་བཀའ་ཆེ་ཞུས་པའི་འཚམས་འཕྲིན་ཞིག་འཕུལ་འདུག་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནམ་རྣམས་མཁའ་བསྟན་འཛིན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཚེ་དབང་རྒྱལ་པོས་རེས་གཟའ་པ་སངས་ཉིན་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཉི་ཧོང་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེ་ཞུ་བའི་འཚམས་འཕྲིན་ཞིག་ཕུལ་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྲིད་བློན་ཟུར་པ་ཨ་བྷེར་ཕུལ་བའི་འཚམས་འཕྲིན་དེར་སྐུ་ཉིད་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག སྲིད་དོན་པ་སོགས་ཉི་ཧོང་བ་མང་དག་ཅིག་གིས་བོད་དོན་གླེང་སློང་གནང་གི་ཡོད་པ་རྒྱུན་འཁྱོངས་དང་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་ཚབས་ཆེན་གཏོང་གི་ཡོད་པའི་འགན་འཁྲི་ལེན་དུ་འཇུག་རྒྱུ་དེར་ཤུགས་སྣོན་བསྐྱོན་དགོས་ཞེས་ནན་སྐུལ། རྣམ་པ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དེས་སྐུལ་ལྕག་ཐེབས་ནས་འཛམ་གླིང་འདིར་གྲོས་ཚོགས་འཐུས་མི་བརྒྱ་ལྷག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་སུ་ཉི་ཧོང་གི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཀྱི་སྒྲིག་འཛུགས་ཤིག་རེད། དེ་བཞིན་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་བོད་དོན་གླེང་སློང་གནང་བའི་འབད་བརྩོན་བརྒྱུད་ནས་ཉི་ཧོང་གི་སྤྱི་ཚོགས་སུ་བོད་བརྒྱུད་ ནང་བསྟན་རིག་གཞུང་ལ་དོ་སྣང་ཇེ་ཆར་འགྲོ་བཞིན་པར་མ་ཟད། ཉི་ཧོང་གི་མང་ཚོགས་ཀྱི་གྲས་སུ་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པར་སྲིད་བློན་ཟུར་པ་ཨ་བྷེ་གང་ཉིད་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་བཀའ་དྲིན་ཆེ་ཞེས་བཀོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG