ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པ་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི།


༄༅།། དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣་ཉིན་མོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གཉིས་དང་ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་དང་མོན་གྷོ་འདོད་རྒུ་གླིང། མེ་སོར་གྲོང་ཁྱེར་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་དང་མང་ཚོགས་བཅས་ཀྱིས་ས་གནས་ཁག་༦་ཏུ་གསུམ་བཅུའི་དྲས་དྲན་སྲུང་བརྩི་ཞུས། ད་དུང་སེར་སྐྱ་མང་ཚོགས་༤༠༠་ལྷག་གིས་མེ་སོར་གྲོང་ཁྱེར་རྒྱལ་ཁང་མདུན་ནས་རྫོང་དཔོན་ལས་ཁུངས་བར་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་འདུག་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་རྒྱ་གར་གྱི་སྲིད་བློན་མོ་དྷིའི་མཚན་ཐོག་ཏུ་སྙན་ཞུ་དོན་ཚན་༤་ཅན་ཞིག་ཕུལ་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG