ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གླེང་དགོས་པའི་ལས་འགུལ།


༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་དབྱིན་ཡུལ་དུ་འཚོག་འཆར་ཡོད་པ་དེའི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་བཀག་འགོག་གི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ཕྱི་ཟླ་༩་པའི་ཚེས་༢༤་ཉིན་བཞུགས་རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱད་ཀྱིས་དྲྭ་ལམ་དུ་འཛམ་གླིང་གི་འགོ་ཁྲིད་ཚོས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་རྒྱལ་སྤྱིའི་ཚོགས་ཆེན་ཐོག་ཏུ་གླེང་སློང་བྱེད་དགོས་ཞེས་ལས་འགུལ་ཞིག་སྤེལ་ཡོད་ཅིང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེར་འཛམ་གླིང་གི་སའི་གོ་ལའི་གནམ གཤིས་འགྱུར་ལྡོག་གི་དཀའ་ངལ་ཆེ་ཤོས་ནི་བོད་ལ་འཕྲད་ཀྱི་འདུག དེར་བརྟེན་རྒྱལ་ཁབ་ཁག་གིས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་བགྲོ་གླེང་བྱེད་པའི་སྐབས་སུ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ངེས་པར་དུ་གླེང་སློང་བྱེད་དགོས་ཞེས་བཀོད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG