ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༢/༢༩

བོད་པ་ཁ་ཆེའི་མི་རབས་གོང་མ་དང་ཕྱི་རབས་པའི་གནས་སྟངས།


Giant panda Yuan Yuan sleeps next to her baby panda at the Taipei City Zoo, Taiwan.
Giant panda Yuan Yuan sleeps next to her baby panda at the Taipei City Zoo, Taiwan.
དེང་སྐབས་འཛམ་གླིང་གི་ས་ཁུལ་གང་སར་བོད་པ་ཁ་ཆེ་ཉིས་སྟོང་ལྷག་ཡོད་པའི་ཁོངས་སུ་མང་ཆེ་བ་རྒྱ་གར་བྱང་ཕྱོགས་ཀྱི་སི་རི་ཎ་གྷར་གྲོང་ཁྱེར་ལ་གཞིས་ཆགས་ཡོད་ཅིང་། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་དུ་བོད་པ་ཁ་ཆེ་ཚོར་རང་དབང་ཆེན་པོ་ཡོད་པ་མ་ཟད། དམིགས་བསལ་གྱི་ཁེ་དབང་ཡང་གང་འཚམ་ཡོད་པ་རེད།

བོད་ལ་དུས་འགྱུར་བྱུང་རྗེས་སུ་བོད་པ་བྱིངས་དང་འདྲ་མཚུངས་སུ་བོད་པ་ཁ་ཆེ་ཚོ་ལ་ཡང་དཀའ་སྡུག་ཚད་མེད་བྱུང་སྟེ། ༡༩༥༩་ལོའི་བོད་མིའི་རང་དབང་སྒེར་ལངས་རྗེས་སུ་ལྷ་སའི་བོད་པ་ཁ་ཆེའི་མི་སྣ་གྲགས་ཅན་དང་ཤུགས་རྐྱེན་ཆེ་བ་མང་པོ་ཞིག་འཇུ་བཟུང་བྱས་ཏེ་བཙོན་འཇུག་བྱས་ཡོད་པ་དང་འགའ་རེ་རྒྱའི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད།

དེ་རིང་གི་མདུན་ལྕོག་གི་བགྲོ་གླིང་ལས་རིམ་ལ་སི་རི་ཎ་གྷར་གྲོང་ཁྱེར་དུ་གནས་སྡོད་བོད་པ་ཁ་ཆེ་རྒན་གྲས་གཉིས་དང་། དེ་སྔོན་བཙན་འབྱོལ་བོད་གཞུང་གི་སྒྲིག་འཛུགས་ཁོངས་སུ་ལོ་ངོ་༡༧་ལྷག་ལ་སྲི་ཞུ་བསྒྲུབས་མྱོང་མཁན་མི་སྣ་གཅིག་གདན་འདྲེན་ཞུས་ཏེ་བོད་པ་ཁ་ཆེའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སྐོར་གླེང་སློང་ཞུས་པ་དེར་གསན་རོགས་གནང་།
XS
SM
MD
LG