ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་མ་བློ་བཟང་དང་ན་གཞོན་ཚོས་ནད་པ་ཚོར་རོགས་སྐྱོར།


༄༅།། རྒྱ་གར་རྒྱལ་ཡོངས་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་སྟེ་ཉིན་ལྟར་ནད་པ་ཇེ་མང་དུ་འགྲོ་བཞིན་པ་ལྟར་ཧི་མ་ཅལ་མངའ་སྡེའི་ས་གནས་ཁག་ཏུའང་ནད་པ་ཇེ་མང་དུ་ཕྱིན་ཏེ་མངའ་སྡེའི་གཞུང་གིས་ཚེས་༡༧་བར་དུ་ཞོགས་པ་ཆུ་ཚོད་༨་ནས་དགོང་མོའི་ཆུ་ཚོད་༡༡་བར་དུ་ཛ་དྲག་དང་དགོས་ངེས་མིན་པའི་འགྲིམ་འགྲུལ་རྣམས་བཀག་སྡོམ་བྱས་འདུག བཞུགས་སྒར་རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཕོག་མཁན་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ཏུ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག མི་མང་སྒེར་པ་བཅས་ཀྱིས་ནད་པ་ཚོར་མཐུན་གྱུར་རོགས་རམ་གང་ལེགས་གནང་གི་ཡོད་པའི་གྲས་ཀྱི་གཅིག་ནི་བླ་མ་བློ་བཟང་དང་རོགས་པ་ན་གཞོན་དང་བླངས་པ་ཚོ་ཡིན་ཞིང་། ཁོང་ཚོས་རྡ་རམ་སའི་ཁུལ་དུ་བོད་པ་འདས་གྲོངས་སུ་གྱུར་པ་རྣས་ཀྱི་ཕུང་པོ་མེར་སྲེག བོད་པ་དང་རྒྱ་གར་བ་ཁག་ཅིག་ལ་ཟ་འབྲུ་དང་དཔལ་འབྱོར་རོགས་རམ། ཚ་བར་བརྟག་དཔྱད་བྱེད་པའི་འཕྲུལ་ཆས་སྟབས་བདེ་དང་ཁ་རས། ཆུ་སོགས་ཀྱི་རོགས་རམ་སྤྲོད་ཀྱི་ཡོད་པ་རེད།།

འདས་པའི་ལོ་གཅིག་གི་ནང་དུ་བླ་མ་བློ་བཟང་གིས་བོད་པ་དང་རྒྱ་གར་བ་སོགས་ལ་རོགས་རམ་གནང་བའི་གཞན་ཕན་གྱི་སྲི་ཞུ་བསྒྲུབས་པ་སོགས་ལ་གསར་འགོད་པས་བཅར་འདྲི་ཞུས་། ཁོང་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཀུན་སློང་ནི་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེ་མོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གཞན་ཕན་བསྒྲུབ་དགོས་པའི་བཀའ་སློབ་གནང་གི་ཡོད་པ་རྣམས་སྙིང་བཅངས་ཀྱིས་ལག་ལེན་བསྟར་གང་ཐུབ་བྱས་པ་ཡིན་ཞེས་ལན་འདེབས་གནང་སོང་། བོད་པ་ན་གཞོན་དང་བླངས་པ་གསུམ་གྱིས་བླ་མ་བློ་བཟང་གི་སྤྱི་ཚོགས་ཞབས་ཞུ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཡང་སོ་སོའི་མྱོང་ཚོར་ལྟར་འགྲེལ་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG