ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གཟའ་འཁོར་འདིར་བོད་པ་བཙན་བྱོལ་བ་༤༧༤་ལ་ནད་དུག་འགོས།


༄༅།། ཕྱི་ཟླ་༡་པའི་ཚེས་༢༠་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་མགྲིན་ཚབ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གཟའ་འཁོར་འདིར་རྒྱ་གར་དང་བལ་ཡུལ་གཉིས་སུ་གནས་འཁོད་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༧༤་ཐོན་སོང་། ད་ལྟའི་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་བལ་གཉིས་སུ་བོད་པ་བཙན་བྱོལ་བ་༧༩༦༣་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་མི་༧༡༤༤་དྲག་སྐྱེད། མི་༡༦༩་ལ་འཆི་སྐྱོན་དང་སྨན་བཅོས་བྱེད་བཞིན་པ་༦༥༧་ཡོད་པའི་གསལ་བསྒྲགས་སྤེལ།།

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་དེང་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་འཕར་བཞིན་ཡོད་པར་མ་ཟད། ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཀྱང་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་འདུག ནད་ཡམས་ཁྱབ་གདལ་ཚབས་ཆེན་ཞིག་མི་འགྲོ་བའི་ཆེད་དུ་ཚོགས་སྡེ་ཁག་ཏུ་ནད་པ་གསར་པ་ཐོན་རེ་བཞིན་དུ་ཟུར་འགོག་བྱ་དགོས། ནད་པ་དང་མི་གཞན་པ་འབྲེལ་ཐུག་འབྱུང་དུ་མ་བཅུག་ན་ཕན་ཐོགས་ཆེན་པོ་འདུག་ཅེས་ནད་འགོག་གི་ལམ་སྟོན་ཞིབ་ཕྲ་བསྟན།།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྡ་རམ་ས་ལའི་ཁུལ་དུ་ས་རཱ་མཐོ་སློབ་དང་གཏོང་ལེན་སློབ་གྲྭ དེ་བཞིན་ཚོགས་སྒེར་ཁག་ཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོད་པའི་ནད་པ་ཡོད་ཀྱང་ཆམ་ནད་ལྟ་བུ་ཞིག་མ་གཏོགས་ཛ་དྲག་པོ་དང་ནད་གཞི་ལྕི་མོ། སྨན་ཁང་དུ་ཁྱེར་ནས་འཚོ་རླུང་གཏོང་དགོས་པ་སོགས་གཅིག་ཀྱང་མེད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG