ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གཟའ་འཁོར་འདིར་བོད་པ་བཙན་བྱོལ་བ་༤༢༩་ལ་ནད་དུག་འགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་བདུན་ཕྲག་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོད་པའི་ནད་པ་གསར་པ་༤༢༩་བྱུང་ཡོད་ཅིང་། གཟའ་འཁོར་སྔོན་མ་ནས་རྒྱ་གར་གཞུང་གིས་ཆོག་མཆན་བཀོད་པ་ལྟར་ལོ་༡༥་ནས་༡༨་བར་དུ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ཀོ་ཝི་ཤིན་སྨན་ཐུན་དང་པོ་དེ་རྒྱག་འགོ་ཚུགས། སྨན་པ་དང་སྨན་ཞབས་པ། འཕྲོད་ལས་སྣེ་དང་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་དང་རང་ལོ་༦༠་ཡན་ཆད་ལ་སོན་པ་ཚོར་སྔོན་འགོག་སྨན་ཁབ་གསུམ་པའམ། ཡང་ན་ཤུགས་སྐྱེད་སྨན་ཁབ་རྒྱག་འགོ་ཚུགས་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་བྱིས་པ་༡༡༧༨་ལ་སྨན་ཐུན་དང་པོའི་སྔོན་འགོག་སྨན་ཁབ་བརྒྱབ་ཡོད། ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་༢༨༤་དང་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་གྲངས་༡༠༩༧་ལ་ཤུགས་སྐྱེད་སྨན་ཁབ་བརྒྱབ་ཡོད་ཅེས་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་བོད་པ་བཙན་བྱོལ་བའི་གནས་ཡུལ་མངའ་སྡེ་ཁག་ཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། རྒྱ་གར་རྒྱལ་ཡོངས་ཀྱི་ནད་པའི་གྲངས་ཚད་ལ་གཞིགས་ན་ནད་པ་གསར་པ་བརྒྱ་ཆ་༡༣་༡་ཟིན་འདུག ཏོག་དབྱིབས་ནད་དུག་གི་ནད་རླབས་གསུམ་པ་འཕྱུར་སྲིད་པའི་དོགས་ཟོན་བྱེད་དགོས་པ་ཞིག་ཏུ་གྱུར། བོད་པ་བཙན་བྱོལ་བ་གནས་ཡུལ་མངའ་སྡེ་ཆེ་ཁག་ཀར་ན་ཊ་ཀ་དང་ཧི་མ་ཅལ་མངའ་སྡེ་གཉིས་སུ་ཏོག་དབྱིབས་ནད་དུག་འགོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ནད་ཡམས་སྔོན་འགོག་ལ་ཡིད་གཟབ་དང་ཛ་དྲག་མིན་ན་སྨན་ཁང་ལ་མ་ཕེབས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG