ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྡ་སའི་རྒན་རྒོན་ཚོར་ཤུགས་སྐྱེད་སྨན་ཁབ་རྒྱག་འགོ་ཚུགས།


༄༅།། ཉེ་ཆར་རྒྱ་གར་གཞུང་གིས་ཕྱི་ཟླ་༡་ཚེས་༡༠་ནས་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་ཀྱི་མདུན་དུ་འཐོན་མཁན་དང་སྔོན་ནས་ན་ཚ་ཡོད་པ། ལོ་ན་༦༠་ཡན་ཆད་ལ་སོན་པ་ཚོར་སྨན་ཐུན་གསུམ་པའི་སྔོན་འགོག་སྨན་ཁབ་བམ། ཡང་ན་ཤུགས་སྐྱེད་སྨན་ཁབ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར་ཕྱི་ཟླ་༡་པོའི་ཚེས་༡༡་ནས་མེག་ལོར་ཁྲོམ་གཞུང་དུ་ས་གནས་རྒྱ་གར་གཞུང་གི་སྨན་ཁང་གིས་ལོ་ན་༦༠་ཡན་ཆད་ལ་སོན་པའི་རྒན་རྒོན་ཚོར་སྨན་ཁབ་གསུམ་པ་རྒྱག་འགོ་ཚུགས་འདུག

ཏོག་དབྱིབས་ནད་དུག་གི་སྔོན་འགོག་གི་སྨན་ཐུན་གསུམ་པའམ། ཡང་ན་ཤུགས་སྐྱེད་སྨན་ཁབ་རྒྱག་མཁན་ལོ་ན་༦༣་ལ་སོན་པའི་པདྨ་གཡུ་སྒྲོན་ལགས་ཀྱིས་ཁོ་མོ་སྨན་ཁབ་རྒྱག་རྒྱུ་དེར་དགའ་མོས་དེ་ཙམ་མེད། ཡིན་ནའང་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་ཀྱི་ཡོད་སྟབས་སོ་སོར་ནད་མནར་བྱུང་ན་མི་གཞན་ལ་བགོ་སྲིད་པས་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་གལ་ཆེན་རེད་ཅེས་བཀྲལ། སྨན་པ་གྷ་རི་མ་ཐཱ་པས་ང་ཚོས་སྔོན་ཆད་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཀོ་ཝི་ཤིལ་བརྒྱབ་པ་ལྟར་དེ་རིང་གི་སྨན་ཁབ་གསུམ་པའང་ཀོ་ཝི་ཤིལ་ཡིན། ང་ཚོས་བདེ་དོན་ལས་ཁུངས་ལ་འབྲེལ་བ་བྱས་ནས་རྒན་རྒོན་ཚོར་སྔོན་འགོག་སྨན་ཁབ་རྒྱག་གི་ཡོད་ཅེས་བརྗོད་འདུག་པའི་སྐོར། བཞུགས་སྒར་རྡ་ལམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG