ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

རྡ་ས་ཁུལ་དུ་ནད་དུག་འགོད་པའི་ནད་པ་མང་ཡང་ཛ་དྲག་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡་པོའི་ཚེས་༦་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་ལ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཨོ་མི་ཁོ་རོན་ཁྱབ་གདལ་འགྲོ་བཞིན་ཡོད་ཅིང་། བོད་ཀྱི་ལོ་གསར་སྐབས་སུ་གཞུང་གི་ལས་བྱེད་རྣམས་གུང་སེང་ལ་མ་ཕེབས་ན་ལེགས། དེ་བཞིན་བོད་པ་སུད་ཚོང་བ་རྣམས་རང་རང་གི་གཞིས་ཆགས་ཁག་ལ་ཕེབས་པའི་དུས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་དང་ནད་དུག་འགོས་ཡོད་ན་ཟུར་འགོག་སོགས་ངེས་པར་དུ་བྱེད་དགོས་ཞེས་ནན་བརྗོད་གནང་འདུག

བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་གྱིས་ཟློས་གར་ཚོགས་པའི་ཚོགས་མི་༣༤་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་ཀྱང་མང་ཆེ་བར་ནད་རྟགས་ཐོན་མེད་པ་དང་མི་ཁག་ཅིག་ལ་མགོ་གཟེར་བརྒྱབ་པ། མི་ཁག་ཅིག་ལ་མིད་པ་འགགས་པ་སོགས་ཀྱི་ནད་རྟགས་ཅུང་ཙམ་ཐོན་ཡོད་ཀྱང་ནད་གཞི་ཛ་དྲག་ནི་མ་རེད། ད་ལྟའི་ཆར་ཁོ་ཚོ་ཟུར་འགོག་བྱས་ནས་བཞག་ཡོད་ཅེས་འགྲེལ་བརྗོད་གནང་འདུག གཞན་ཡང་སྨན་པ་བསྟནའཛིན་བརྩོན་འགྲུས་ཀྱིས་ནད་དུག་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་མི་སོ་སོས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་དུ་བསྟེན་དགོས། ལུས་པོ་མི་བདེ་བ་བྱུང་ན་འཕྲལ་དུ་བརྟག་དཔྱད་བྱེད་དགོས་པའི་ལམ་སྟོན་གནང་ཞིང་། ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེ་གཞུང་གིས་བཀོད་ཁྱབ་ལྟར་རྡ་རམ་ས་ལར་དགོང་མོའི་ཆུ་ཚོད་༡༠་པ་ནས་ཞོགས་པའི་ཆུ་ཚོད་༥་པ་བར་དུ་འགྲོ་འོང་བཀག་སྡོམ་བྱེད་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG