ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་གྱི་རྒྱབ་སྐྱོར་རྒྱུན་འཛིན་སླད་བོད་དོན་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ།


རྒྱ་གར་བྱང་ཕྱོགས་ ཨུ་ཏ་ར་ཀནཊ་ མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཁུལ་དེའི་ Bharat Tibet Sahyog Manch རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་བདེ་སྐྱིད་གླིང་གཞིས་ཆགས་ནས་Gangotri འམ་ཆུ་མོ་གང་གྷའི་ཆུ་མགོ་བར་བསྐྱོད་རྒྱུའི་ཉིན་གསུམ་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

འཕགས་བོད་ས་མཚམས་བར་བསྐྱོད་རྒྱུའི་ལས་འགུལ་གྱི་དམིགས་ཡུལ་གཙོ་གནད་གསུམ་ནི། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་འགྲོ་བཞིན་པའི་ཁྲོད་རྒྱ་གར་གྱི་དམག་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ལུང་ཁུག་རྒྱ་གར་མང་ཚོགས་ལ་ཁ་རས་འགྲེམས་སྤེལ་བརྒྱུད་བོད་དོན་ཁྱབ་བསྒྲགས་གནང་རྒྱུ་དང་། ལྷག་པར་ད་ལྟ་རྒྱ་གར་གྱི་བོད་ཐོག་ལ་སྔར་ལྷག་རྒྱབ་སྐྱོར་གནང་བཞིན་པ་དེ་རྒྱུན་འཛིན་ཡོང་སླད་བཅས་རེད་འདུག

ལས་འགུལ་འདིའི་ནང་ས་གནས་གཞོན་ནུའི་ཚོགས་མི་༡༥དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་༡༠བཅས་འདུག་པ་དང་། གནངས་ཉིན་ཕྱི་ཟླ་༡༡ ཚེས་༡ ཉིན་ གྷན་གོ་ཏི་རི་ ས་གནས་ནས་ལས་འགུལ་མཇུག་སྒྲིག་གནང་འཆར་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG