ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
འབྲི་རུའི་བོད་པ་གཉིས་འཛིན་བཟུང་དང་གཅིག་བཙོན་ཁང་དུ་འདས་གྲོངས།
༢༩།༡༠།༢༠༢༠
འབྲི་རུའི་བོད་པ་གཉིས་འཛིན་བཟུང་དང་གཅིག་བཙོན་ཁང་དུ་འདས་གྲོངས།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
འབྲི་རུའི་བོད་པ་གཉིས་འཛིན་བཟུང་དང་གཅིག་བཙོན་ཁང་དུ་འདས་གྲོངས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:07:26
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
བསྟན་འཛིན་ཐར་པ་ཞེས་པའི་སྐྱེས་པ་ཞིག་དང་ལྷ་མོ་ཞེས་པའི་བུད་མེད་ཅིག་༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་དུ་སྔ་རྗེས་སུ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་ཚོས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་ནི་རྒྱ་གར་དུ་གནས་འཁོད་སྤུན་མཆེད་ཚོར་དངུལ་སྒོར་བཏང་བ་ཁྲིམས་འགལ་དུ་བརྩིས་ནས་འཛིན་བཟུང་བྱས་པ་རེད་ཅེས་ཕ་ཡུལ་ཁམས་འབྲི་རུ་ནས་ཡིན་པ་དང་། དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་གྲོང་ཁྱེར་དུ་ཁྲིམས་ལུགས་སློབ་སྦྱོང་བྱེད་མཁན་དཀོན་མཆོག་རིན་ཆེན་གྱིས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་གནང་བྱུང་།།
གསར་འགྱུར་མཁོ་སྤྲོད་པས་ལྷ་མོ་འཛིན་བཟུང་བྱས་ནས་ཉིན་ཤས་རྗེས་སུ་ཉེན་རྟོག་པ་ཁ་ཤས་ལྷ་མོའི་ཁྱིམ་དུ་ཡོང་ནས་སྔོག་བཤེར་གྱིས་༧གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་ཁྱེར། ༢༠༢༠་ལོའི་ཕྱི་ཟླ་༨་པའི་ནང་དུ་ལྷ་མོའི་བཟའ་མི་ཚོར་ཉེན་རྟོག་པས་ཁ་པར་བཏང་སྟེ་གང་མགྱོགས་ནག་ཆུའི་སྨན་ཁང་དུ་ཤོག་ཅེས་བཀའ་བཏང་ཡོད་པར་མ་ཟད། བཟའ་མི་རྣམས་སྨན་ཁང་དུ་འབྱོར་དུས་ལྷ་མོའི་མིག་གིས་ཅུང་ཙམ་ལྟ་ཐུབ་ཀྱང་ཁ་གྲག་མི་ཐུབ་པར་གདོང་པ་ཡོངས་རྫོངས་སྐྲང་སྟེ་སྔོན་པོར་གྱུར། ཁོ་མོ་ལས་སླ་པོར་ངོ་མི་ཤེས་པ་ཞིག་ཏུ་གྱུར་འདུག དེ་ནས་ཉིན་གཉིས་གསུམ་ཞིག་ལ་སྨན་ཁང་དུ་བསྡད་ཀྱང་མཐའ་མཇུག་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་འདས་གྲོངས་སུ་གྱུར་སོང་། ཁོང་ལ་འཆི་སྐྱོན་བྱུང་བའི་རྗེས་སུ་བཟའ་མི་ཚོར་ཕུང་པོ་རྩིས་སྤྲོད་མ་བྱས་པ་དང་ཕུང་པོར་བརྟག་དཔྱད་ཀྱང་བྱེད་དུ་མ་བཅུག་པར་འཕྲལ་དུ་མེར་སྲེག་གཏོང་དགོས་པའི་བཙན་བཀའ་བཏང་ནས་ཕུང་པོ་མེར་སྲེག་གཏོང་དགོས་བྱུང་འདུག ལྷ་མོ་འདས་གྲོངས་སུ་གྱུར་པའི་སྐབས་དེར་ལོ་ན་༣༦་ལ་སོན་པ་དང་འབྲོག་མོ་དཀྱུས་མ་ཞིག་ཡིན་ཞིང་། ཁོ་མོ་བདེ་ཐང་ཡིན་པ་དང་ནད་རྙིང་ཡོད་པ་དེ་འདྲ་གང་ཡང་མ་རེད། ཁོ་མོའི་ཤུལ་དུ་དྭ་ཕྲུག་གསུམ་ལུས་ཡོད་པ་དང་ཆུང་བ་དེ་ལོ་བདུན་ཙམ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་འདུག
བསྟན་འཛིན་ཐར་པ་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་ཡུན་རིང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁོང་གི་ཆེད་དུ་རྒྱ་ནག་ནས་ཁྲིམས་རྩོད་པ་ཞིག་ཐེངས་གསུམ་ལ་གླས་ཏེ་ཁྲིམས་རྩོད་པར་རྒྱ་སྒོར་ཁྲི་༣༠་གླ་ཆ་སྤྲོད་དགོས་བྱུང་འདུག ད་ལྟ་བསྟན་འཛིན་ཐར་པ་ནག་ཆུའི་བཙོན་ཁང་ཞིག་ཏུ་ཁྲིམས་ཐག་མ་བཅད་པར་བཞག་ཡོད་པ་ཤེས་རྟོག་བྱུང་། བསྟན་འཛིན་ཐར་པ་ནི་དེ་སྔོན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱས་ཏེ་འཚེ་བ་མེད་པ་དང་རྒྱང་འཛིན་ཞེས་པ་སོགས་དེབ་ཁ་ཤས་བརྩམས་ཏེ་དཔར་དུ་བསྐྲུན། ༢༠༡༢་ལོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་ཏེ། མདོ་སྟོད་སྨད་ཁུལ་དུ་སློབ་གཉེར་ལ་ཕྱིན་པ་རྣམས་ནི་རྒྱ་གར་ལ་ཕྱིན་པ་དང་གཅིག་མཚུངས་ངོས་འཛིན་གྱིས་དུས་བཀག་ལྟར་ཕ་ཡུལ་དུ་ཕྱིར་ལོག་བྱ་དགོས་པའི་བཙན་བཀའ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གྲྭ་བཙུན་རྣམས་བཙན་དབང་གིས་རང་གནས་སུ་ཕྱིར་ལོག་བྱེད་དུ་བཅུག་པ་དེ་དག་གི་གྲས་སུ་བསྟན་འཛིན་ཐར་པའང་ཚུད་འདུག
ཁོང་ཕ་ཡུལ་དུ་ལོག་པའི་རྗེས་སུ་ཆགས་རྩེ་ཡུལ་ཚོར་བོད་ཡིག་དང་རིག་གནས་གཙོ་བོར་གྱུར་བའི་སློབ་གྲྭ་ཞིག་བཙུགས། ཡུན་རིང་མ་འགོར་པར་ཆགས་རྩེ་ཤང་མི་དམངས་སྲིད་གཞུང་ཟེར་བས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ། བསྟན་འཛིན་ཐར་པའི་འགྲོ་སྡོད་ལ་ལྟ་རྟོག་ནན་པོ་བྱེད་འགོ་ཚུགས། ༢༠༡༤་ཙམ་ནས་ཚོང་ལས་གཉེར་ཏེ་དབྱར་རྩྭ་དགུན་འབུ་དང་ས་ཁང་ཉོ་ཚོང་གི་ཚོང་ལས་གཉེར། ༢༠༡༥་ཙམ་ནས་བོད་ལྗོངས་འབྲི་རུ་ཀ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་ཟེར་བའི་ཚོང་གཉེར་ཁང་ཞིག་གསར་དུ་བཙུགས། ཁོང་གིས་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་ཁུར་ནས་ཚོང་ལས་ཀྱི་ཁེ་ཕན་ནས་ཉམ་ཐག་མང་ཚོགས་ལ་རོགས་རམ་གནང་ཡོད་པ་རེད་ཅེས་བཤད།།
དེ་རིང་ཕྱི་ཚེས་༢༩་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་མོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་རྐྱེན་འདས་སུ་ཕྱིན་པར་རྟོག་ཞིབ་བྱ་དགོས། ཉེས་མེད་འཛིན་བཟུང་བྱས་པའི་བསྟན་འཛིན་ཐར་པའང་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་ལྷ་མོ་རྐྱེན་འདས་སུ་ཕྱིན་པ་ནི་རྒྱ་ནག་གཞུང་གི་བཀག་ཉར་འོག་མནར་གཅོད་བཏང་སྟེ་རྐྱེན་འདས་སུ་འགྲོ་བཞིན་པའི་དངོས་ཡོད་གནས་སྟངས་གསར་ཤོས་དེ་རེད། བོད་ནང་གི་ས་གནས་ཀྱི་དཔོན་རིགས་ཚོས་གང་བྱུང་འཛིན་བཟུང་དང་མནར་གཅོད་གཏོང་བ། འཚོ་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་པ་སོགས་ཚུད་པའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་འགན་ལེན་བྱེད་དགོས་ནན་བརྗོད་འདུག་་ད་དུང་གསར་འགྱུར་མཁོ་སྤྲོད་པ་དཀོན་མཆོག་རིན་ཆེན་གྱིས་ཕྱི་ལ་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་བཏོན།།
ཁོང་གིས་དེང་སྐབས་འབྲི་རུའི་གནས་སྟངས་ནི་ཧ་ཅང་དམ་དྲག་ཆེན་པོའི་འོག་གནས་ཡོད་པ་དང་ཨ་རི་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡུ་རོབ་མཉམ་འབྲེལ་སོགས་དྲང་བདེན་ལ་དགའ་བའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་དང་རང་དབང་ཅན་གྱི་གསར་ཁང་ཁག་འབྲི་རུའི་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་ཕེབས་དགོས་། རྒྱ་ནག་གཞུང་གིས་འབྲི་རུའི་དངོས་ཡོད་གནས་སྟངས་ཀྱི་འབྱུང་རྩ་གང་ཡིན་འཛམ་གླིང་ཡོངས་ལ་གསལ་བཤད་ངེས་པར་དུ་བྱ་དགོས། བསྟན་འཛིན་ཐར་པ་ལ་སོགས་པའི་ཉེས་མེད་བཙོན་འཇུག་བྱེད་ཡོད་པའི་འབྲི་རུའི་བོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། གློད་གྲོལ་བཏང་བའི་རྗེས་སུའང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བཙན་འཕྲོག་བྱེད་མི་ཆོག་ཅེས་བཀོད། འདི་དང་དུས་མཚུངས་སུ་དཀོན་མཆོག་རིན་ཆེན་གྱིས་བོད་མིའི་སྒྲིག་འཛུགས་ལའང་དེའི་ཐད་ད་ཞིབ་འཇུག་དང་རྒྱ་ནག་ལ་བརྡ་ལན་ཞིག་སྤྲོད་དགོས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་སྐུ་ཕུང་ཞུགས་འབུལ།
རྣམ་གླིང་རྫོང་དུ་བོད་པ་ཚོ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ།
XS
SM
MD
LG