༄༅།། ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༡༢་པ་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་གསར་པ་ཞིག་ཁྱབ་ཡོད་ཅིང་། ད་ལྟ་འཛམ་གླིང་རྒྱལ་ཁབ་མང་པོར་རིམས་ནད་དེ་ཁྱབ་བཞིན་ཡོད་པར་མ་ཟད་། དེའི་ནང་ནས་ཀྱང་ལྷོ་ཀོ་རི་ཡ་གློ་ཚད་ནད་ཀྱི་རིམས་ནད་ཁྱབ་ནས་ནད་པ་མང་ཤོས་དང་ཛ་དྲག་གི་གནས་སུ་ལྷུང་འདུག དེ་རིང་ལྷོ་ཀོ་རི་ཡའི་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་དེའི་ནད་པ་སྟོང་ཕྲག་མང་པོས་སྨན་ཁང་དུ་ཉལ་ཁྲི་རག་པར་ངང་སྒུག་བྱེད་བཞིན་ཡོད་པ་དང་། འབྱུང་འགྱུར་ཉིན་ཤས་ནང་དུ་ལྷོ་ཀོ་རི་ཡར་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འཕར་སྣོན་འགྲོ་རྒྱུ་ཡིན་པའི་ཚོད་དཔག་གིས་དེ་ལ་གདོང་ལེན་བྱེད་ཕྱོགས་སུ་གྲ་སྒྲིག་བྱེད་བཞིན་པའི་སྐོར། ཚེ་རིང་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་རྒྱུ་རེད།