ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ།


༄༅།། ཉེ་ཆར་ཕྱི་ཟླ་༨་ཚེས་༣༡་ཉིན་སིམ་ལར་བརྟེན་གཞི་བྱས་པའི་བོན་གྱི་གདན་ས་ཆེན་པོ་སྨན་རིའི་གླིང་དུ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣་པའི་འདས་མཆོད་སྐབས་སུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྨན་པ་སྐབས་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་ངོས་འཛིན་དེབ་སྐྱེལ་དང་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྐབས་དང་པོའི་བཀའ་བཅུ་པའི་སྨན་པ་སེར་མོ་བ་གསུམ་དང་བུད་མེད་གཅིག་བཅས་མི་བཞི་བསླབ་པ་མཐར་སོན་ཡོད་ཅིང་། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་གྱིས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་ཉིད་ཐོག་མར་འཛུགས་དགོས་ཀྱི་ཕུགས་འདུན་དང་། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་སྨན་པ་མང་ཆེ་བ་རྒྱུད་བཞི་ཐོན་པ་རྣམས་ཡིན་ཞིང་། འབུམ་བཞིའི་བསླབ་པ་མཐར་སོན་བྱུང་བ་ཧ་ལམ་དཀོན་པོ་ཡིན་པས་སྨན་པ་དང་སྨན་རབས་པ་སྐྱེད་སྲིང་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་ཅེས་བཀྲལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG