ངོ་འཕྲད་བདེ་བའི་དྲ་འབྲེལ།

དམངས་གཙོའི་དུས་ཆེན་ཐེངས་༦༡་པ་སྲུང་བརྩི།


༄༅།། དེ་རིང་གི་ཉིན་མོ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་པ་ཚོར་དམངས་གཙོའི་ལམ་ལུགས་གསོལ་སྩལ་གནང་སྟེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་དགོས་ཞེས་ལམ་སྟོན་གནང་སྟེ་ཕྱི་ཟླ་༩་པའི་ཚེས་༢་ཉིན་བོད་མི་མང་སྤྱི་འཐུས་ཚོས་ལས་ཁུར་དམ་འབུལ་ཞུས་པའི་ཉིན་མོར་ཁེལ་ཡོད་ཅིང་། དེར་བརྟེན་ལོ་ལྟར་བོད་པ་བཙན་བྱོལ་བ་ཚོས་དུས་ཚེས་འདི་དམངས་གཙོའི་དུས་ཆེན་ལ་སྲུང་བརྩི་ཞུས་བཞིན་ཡོད་པ་རེད། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དམངས་གཙོའི་དུས་ཆེན་གྱི་གསུང་བཤད་ནང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དམངས་གཙོའི་འཕེལ་རིམ་དང་རྒྱུད་རིམ་སྣ་ཚོགས་ཤིག་འགྲིམས་ཡོད་པ་དང་ཕྱི་ལོ་༢༠༡༡་ལོར་བཅའ་ཁྲིམས་བསྐྱར་བཅོས་ཐེངས་༢༥་པ་བྱས་པའི་བར་གྱི་འགྱུར་བ་རྣམས་རིམ་བཞིན་ངོ་སྤྲོད་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG