ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

སྲིད་དོན་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ལྷ་སར་སྐུ་ཚེ་ཟིན་མི་འདུག


༄༅། རྒྱ་ནག་གཞུང་གིས་ལོ་ངོ་མང་པོའི་རིང་བཙོན་འཇུག་བྱས་པའི་བོད་ཀྱི་སྲིད་དོན་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ཟླ་བ་སྔོན་མའི་ཕྱི་ཚེས་༢༥ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་ཅིང་། དམ་པ་ཁོང་ནི་ཉེ་དུས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་པ་དང་། བོད་ལ་རྒྱ་ནག་དམར་ཤོག་གཞུང་གིས་བཙན་འཛུལ་བྱས་པ་ནས་ལོ་རབས་བདུན་བཅུ་བར་བོད་ནང་གི་བོད་མིར་དཀའ་སྡུག་ཇི་བྱུང་སྐོར་ལ་ཚིག་ཐོ་བཀོད་པའི་ཐོག་ནས་གནས་ཚུལ་ཁག་ཞིབ་ཕྲ་རྩོམ་བྲིས་གནང་ཡོད་པའི་ནང་བོད་མི་འབུམ་ཕྲག་བཅུ་གཉིས་བསད་པའི་རབ་དཀར་རུས་པའི་ལྷུན་པོ་ལ། སྡུག་བསྔལ་ཕྲག་གི་རྒྱ་མཚོའི་ཀློང་ལས་སྣག་ཚ་ལེན་ཏེ་བྲིས་པའི་གཏམ་ཞེས་དངོས་ཡོད་གནས་ཚུལ་ཁག་ཞིབ་གླེང་གནང་སྟེ་རྩམ་ཟན་མི་རབས་རྗེས་མས་རྒྱུས་མངའ་ཡོང་ཆེད་ཡིན་པ་ཡང་བཀོད་འདུག རྒྱ་ནག་གཞུང་གིས་བཙོན་བཅུག་ཁྲིམས་ཐག་བཅད་པ་དང་། ཡང་ན་ཁྲིམས་ཐག་མ་བཅད་པར་གསང་བའི་ངང་འཛིན་བཟུང་བྱས་པ་སོགས་བསྟུད་མར་བྱུང་ཡོད་རུང་། བདེན་པའི་ཆེད་སྐུ་ཚེ་གང་པོ་དཔའ་མི་ཞུམ་པར་འཐབ་རྩོད་གནང་མཁན་ཞིག་ཆགས་ཡོད་པ་སོགས་ཀྱི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG