ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་གིས་ལི་ཏེང་ཧུའི་བཟའ་མི་ཚོར་ཐུགས་གསོའི་གསུང་འཕྲིན།


༄༅།། ཕྱི་ཟླ་༧་པའི་ཚེས་༣༠་ཉིན་ཐེ་ཝན་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་འཛིན་ཐོག་མ་སྟེ། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏེང་ཧུའི་དགུང་ལོ་༩༧་ཐོག་ཏུ་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གསན་རྗེས་༧གོང་ས་མཆོག་གིས་དེ་རིང་ཕྱི་ཟླ་༣༡་ཉིན་དམ་པ་དེའི་བཟའ་ཟླ་ཙེང་ཝེན་ཧུའི་ཡི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག་ཅིང་། གསུང་འཕྲིན་དེར་སྐུ་ཞབས་ལི་ཏེང་ཧུའི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་རྗེས་མགོན་པོ་གང་ཉིད་ཐུགས་ཕམ་ཆེན་པོ་བྱུང་སོང་། དམ་པ་དེའི་རྗེས་ཤུལ་སྐུ་འཁོར་རྣམས་ལ་ཐུགས་གསོ་ཡོད་ཅེས་འཁོད་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG