ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཟླ་བ། ༢༠༢༦/༠༢/༠༩
བོད།
བོད་ནང་ལ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པའི་སྙན་ཐོ།
༣༠།༠༧།༢༠༢༠
བོད་ནང་ལ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པའི་སྙན་ཐོ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་ལ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལོངས་སུ་སྤྱོད་དབང་ལ་འགོག་རྐྱེན་བཟོས་པ་ཞེས་དམིགས་བསལ་སྙན་ཐོ་ཤོག་གྲངས་༣༩་ཅན་ཞིག་འགྲེམ་སྤེལ་དང་དམིགས་བསལ་སྙན་ཐོ་དེར་བོད་དུ་བོད་པ་འཛིན་བཟུང་དང་བཙོན་འཇུག བོད་པ་ཚོའི་རང་དབང་ལ་དམ་དྲག བཙན་དབང་གིས་བསྙོན་འཛུགས་ཁས་ལེན་བྱེད་དུ་འཇུག་ཐབས་དང་ངོ་ཚབ་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་དང་རང་རྐྱ་འཕེར་བའི་ཁྲིམས་ཞིབ་མེད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་གཞི་ལ་བཟུང་སྟེ་རྒྱ་གཞུང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ལ་བཅོས་སྒྱུར་གཏོང་དགོས་པའི་སྐུལ་ལྕག་བཏང་ཞིང་། རྒྱ་རིགས་ཁྲིམས་རྩོད་པ་ཚོར་དཀའ་ངལ་འཕྲད་ཡོད་པའི་ཐད་ནས་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཆི་ལེ་དང་ཐིང་པོ། ལུའུ་ཧྲི་ཧྭ། བུད་མེད་ཁྲིམས་རྩོད་པ་གྲགས་ཅན་ཝང་ཡུའུ་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་འཁོད་འདུག
ཐེངས་འདིའི་དམིགས་བསལ་སྙན་ཐོ་འདིའི་མཐའ་སྡོམ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་ཏུ་ཁྲིམས་སྒྲིག་འཛིན་སྐྱོང་དང་འབྲེལ་བའི་ཉེས་དོན་ཅི་འདྲ་ཞིག་ཡིན་རུང་དེ་ལ་རང་དབང་ལྡན་ཞིང་། དབྱེ་འབྱེད་མེད་པའི་ཁྲིམས་ཁང་ངམ། ཡང་ན་ཁྲིམས་ཞིབ་ཁང་གང་རུང་གིས་དྲང་བདེན་གྱི་ཁྲིམས་ཞིབ་བྱེད་པའི་ཐོབ་ཐང་ལ་འགན་སྲུང་ཡོད་ཅེས་བཀོད། རྒྱ་གཞུང་གི་རྩ་ཁྲིམས་སུའང་ཁྲིམས་སྐྱོང་གི་མིང་ཙམ་བཏོན་རུང་ཁྲིམས་ཀྱི་དབང་ཆ་ཆེ་ཤོས་ནི་དམར་ཤོག་སྲིད་གཞུང་གིས་བཙན་བཟུང་བྱེད་འདུག་ཅེས་བཀོད་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
བོད་ནང་ལ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པའི་སྙན་ཐོ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:05:51
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བོད་བཙན་བྱོལ་བའི་དགུན་ཚོང་ལ་གྱོང་གུད་འཕོག་ཉེན།
བོད་མིའི་སྒྲིག་འཛུགས་ཀྱི་སེམས་ཁམས་འཕྲོད་བསྟེན་སློབ་གསོའི་གློག་བརྙན།
XS
SM
MD
LG