ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱི་སེམས་ཁམས་འཕྲོད་བསྟེན་སློབ་གསོའི་གློག་བརྙན།


༄༅།། ཕྱི་ཟླ་༧་པའི་ཚེས་༧༨་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་མི་དམངས་ལ་སེམས་ཁམས་འཕྲོད་བསྟེན་གྱི་སློབ་གསོའི་གློག་བརྙན་ཏེ། སུ་སྨྱོན་པ་རེད་ཅེས་པ་ཞིག་བཟོ་སྐྲུན་བྱས་ནས་དྲྭ་ལམ་དུ་འགྲེམ་སྤེལ་བྱས་འདུག་ཅིང་། གློག་བརྙན་འདིའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོ་རྣམས་ནི་བོད་ཀྱི་གཏམ་བརྗོད་ཚོགས་པའི་ཚོགས་མི་རྣམས་ཡིན་འདུག

འཕྲོད་བསྟེན་ལྷན་ཁང་གི་ནད་རིགས་སྔོན་འགོག་ཚན་པའི་འགན་འཛིན་ངག་དབང་བསྟན་འཛིན་གྱིས་བོད་པའི་སྤྱི་ཚོགས་སུ་སེམས་ཁམས་འཕྲོད་བསྟེན་སོགས་ལ་བགྲོ་གླེང་མང་ཙམ་ཡོང་ཐབས་དང་མི་དམངས་རྣམས་གོ་རྟོགས་སད་པའི་ཆེད་དུ་གློག་བརྙན་འདི་བཟོ་སྐྲུན་བྱས་པ་ཡིན་ཞེས་བཀྲལ།།

ཁོང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་རིང་འདིར་འཕྲོད་བསྟེན་ལྷན་ཁང་གིས་བོད་པའི་སྤྱི་ཚོགས་སུ་སེམས་ཁམས་འཕྲོད་བསྟེན་ལ་ཉམས་ཞིབ་བྱས་ནས་བོད་པའི་གྲས་སུ་སེམས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་མི་རྣམས་ཡོད་པ་ཤེས་རྟོགས་བྱུང་སོང་། འདས་པའི་ཟླ་བ་ལྔ་ཙམ་ཀྱི་རིང་ལ་བོད་པའི་སྤྱི་ཚོགས་ཁག་ཏུ་སེམས་ཀྱི་དཀའ་ངལ་མ་བཟོད་པར་རང་སྲོག་གཅོད་མཁན་ཡང་བྱུང་འདུག་ཅེས་འགྲེལ་བརྗོད་གནང་སོང་བའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG