ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲེང་ཏུའི་ཨ་རིའི་དོན་གཅོད་ལས་ཁུངས་དངོས་སུ་སྒོ་བརྒྱབ་པ།


༄༅།། རྒྱ་ནག་གཞུང་གིས་དེ་རིང་གཟའ་ཟླ་བའི་སྔ་དྲོའི་ཆུ་ཚོད་༡༠་པ་ནས་རྒྱ་ནག་གི་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ལས་ཁུངས་དངོས་སུ་སྒོ་བརྒྱབ་ཡོད་ཅིང་། དེ་ནི་ཨ་རིའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པར་ལན་པ་སློག་པར་དུས་ཡུན་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་ཁྲེང་ཏུའི་ཨ་རིའི་དོན་གཅོད་ལས་ཁུངས་སྒོ་རྒྱག་དགོས་པའི་བཀའ་བཏང་སྟེ་དུས་བཀག་ཚང་བའི་རྗེས་སུ་བྱུང་བ་ཞིག་ཡིན་པར་མ་ཟད། ཨ་རིའི་གཞུང་ཚབ་ཁང་གི་དྲྭ་ངོས་སུ་ཁྲེང་ཏུའི་དོན་གཅོད་ལས་ཁུངས་དེས་༡༩༨༥་ལོ་ནས་བཟུང་སྟེ་སི་ཁྲོན་དང་ཁྲུང་ཆིན། གུའི་ཀྲུག་དང་ཡུན་ནན། བོད་སོགས་ཀྱི་མི་མང་ལ་སྲི་ཞུ་བསྒྲུབས་ཐུབ་ཡོད་པར་དགའ་ཚོར་བྱུང་སོང་། ང་ཚོས་གཏན་དུ་ཁྱེད་ཚོ་དྲན་ཡུལ་ལ་འཛིན་རྒྱུ་ཡིན་ཞེས་བཀོད་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG