ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་མི་སྒེར་གྱི་སྤྱོད་པས་ཆོས་ལུགས་ཤིག་མཚོན་མི་ཐུབ་ཅེས་གསུངས།


༄༅། ར་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་བའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༡༡་པའི་ཚེས་༥་ནས་ཚེས་༧་བར་དུ་རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་སྩལ་གནང་མཛད་བཞིན་ཡོད་ཅིང་། དེ་རིང་གི་དྲི་བ་དྲིས་ལན་སྐབས་སུ་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་ཁ་ཆེ་ཞིག་གིས་ཡེ་ཤུའི་ལྷ་ཁང་ཞིག་གི་ནང་དུ་གྲི་བཙུགས་ཏེ་མི་འགའ་ཞིག་བསད་པའི་གནས་ཚུལ་བྱུང་སྟེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་ཆེར་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་གནད་དོན་དེ་ལུང་འདྲེན་གྱིས་ཕྱོགས་གཉིས་ཀར་ཞི་འཇམ་ཡོང་ཐབས་ཅི་ཡོད་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་ཡུ་རོབ་གླིང་དུ་དམག་ཆེན་གཉིས་པ་བར་དུ་དཀའ་སྡུག་འདྲ་མིན་བྱུང་བའི་ཉམས་མྱོང་ལ་གཞིགས་ཏེ་ཡུ་རོབ་ཡུལ་གྲུ་ཁག་གིས་དགོངས་པ་བཞེས་ཕྱོགས་བཅས་པ་ཡར་རྒྱས་ཆེན་པོ་ཕྱིན་འདུག ཁྱིམ་ཚང་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་དཀའ་ངལ་མེད་པ་ཡོང་མི་སྲིད་པས་གནས་ཚུལ་ཆུང་ངུའི་རིགས་བྱུང་བའི་དུས་སུ་དགོངས་པ་རྒྱ་ཆེ་ས་ནས་བཞེས་རྒྱུ་གལ་ཆེ་ཡིན་ཞེས་ལམ་སྟོན་བཀའ་སློབ་གནང་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG