ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་འོས་བསྡུར་ཞུགས་པའི་བོད་པའི་དམིགས་ཡུལ།


༄༅།། ཨ་རིའི་མི་དམངས་ཀྱིས་རྒྱལ་ཁབ་འདིའི་མ་འོངས་པའི་མདུན་ལམ་འགྱུར་བ་གཏོང་བའི་ཉིན་མོ་ཡིན་པར་མ་ཟད། དེ་རིང་གི་འོས་འདེམས་བརྒྱུད་ནས་འཛམ་གླིང་འདིའི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་རྒྱུ་རེད། ཉིན་འདིར་ཨ་རིའི་སྤྱི་དམངས་སུ་གྱུར་པའི་བོད་པ་ཚོས་སུ་ལ་འོས་ཤོག་འཕངས་ཡོད་པ་དང་འོས་མི་དེར་རྒྱབ་སྐྱོར་བྱེད་དགོས་པའི་གནད་དོན་ཅི་ཡིན། དེ་བཞིན་འབྱུང་འགྱུར་བོད་ཀྱི་སྲིད་སྐྱོང་འོས་བསྡུ་ལ་གྲ་སྒྲིག་ཅི་འདྲ་བྱེད་ཀྱི་ཡོད་པའི་སྐོར་། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་སྤྱི་དམངས་ཚོས་སྲིད་འཛིན་འོས་འདེམས་བྱས་པའི་སྐབས་སུ་རྒྱལ་ཁབ་གཞན་ཁག་གི་འགོ་ཁྲིད་ཚོ་འདེམས་བསྐོ་བྱས་པ་དང་མི་འདྲ་བར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་འཛམ་གླིང་ཡོངས་ཀྱིས་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ད་ལོ་ཨ་རིའི་སྤྱི་དམངས་བོད་པ་ཚོས་སྔར་ལས་ལྷག་པའི་སྲིད་འཛིན་འོས་འདེམས་ལ་དོ་སྣང་དང་རེ་བ་འཆང་ནས་འོས་ཤོག་འཕངས་ཡོད་པ་རེད། གཤམ་ལ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཨ་རིའི་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་ཞུ་མཁན་བོད་པ་གཉིས་ལ་བཅའ་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྲིད་འཛིན་ཊམ་ལ་འོས་ཤོག་འཕེན་མཁན་བོད་པ་ཚོར་བཅར་འདྲི།

༄༅།། ཕྱི་ལོ་༢༠༢༠་ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་བོད་པ་ཕུན་ཚོགས་དོན་ལྡན་དང་བཟའ་ཟླ་པདྨ་བདེ་ཆེན། གཞན་ཡང་ཨ་མཆོག་ཐུབ་བསྟན་དང་ཧོང་གཙང་ནམ་མཁའ་བསྟན་འཛིན་བཅས་སུ་འཕྲིན་ལས་ཆོས་སྒྲོན་གྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG