ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་སྟེང་པོ་ཆེའི་མཁན་པོ་སྐུ་ཚེ་མ་ཟིན་པར་ཐུགས་གསོ།


༄༅།། ཟླ་བ་སྔོན་མའི་ཚེས་༡༠་ཉིན་བལ་ཡུལ་གྱི་ཤར་ཁུམ་བུ་སྟེ། ཇོ་མོ་གླང་མའི་ཉེ་འདབས་སུ་ཆགས་པའི་སྟེང་པོ་ཆེ་དགོན་པའི་མཁན་ཆེན་ངག་དབང་བསྟན་འཛིན་བཟང་པོ་དགུང་གྲངས་༨༦་ཐོག་ཏུ་གནམ་ཆེ་གྲོང་ཚོར་ཕེབས་ནས་ཉིན་གཉིས་པ་དེར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཚུལ་དེ་གསན་མ་ཐག་ཏུ་ཤར་པ་དད་ལྡན་པ་རྣམས་ཀྱི་མཚན་ཐོག་ཏུ་ཡོངས་བསྒྲགས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་ཅིང་། དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་མཁན་རིན་པོ་ཆེ་དམ་པ་དེ་ཉིད་ནི་ནང་པ་ཙམ་དུ་མ་ཟད། བསྟན་འགྲོ་སྤྱི་ལ་གཟིགས་སྐྱོང་གནང་མཁན་ཞིག་ཡིན་ཞེས་བསྔགས་བརྗོད་གནང་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG