ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༠༨
བོད།
༧གོང་ས་མཆོག་གིས་མ་ལེ་ཞི་ཡའི་ན་གཞོན་ཚོར་བཀའ་སློབ།
ཐོན་གསར་ཤོས། ༢༨།༠༩།༢༠༢༠
༧གོང་ས་མཆོག་གིས་མ་ལེ་ཞི་ཡའི་ན་གཞོན་ཚོར་བཀའ་སློབ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། མ་ལེ་ཞི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མ་ལེ་ཞི་ཡའི་ཁ་ཆེ་གཞོན་སྐྱེས་ཀྱི་ལས་འགུལ་ཁང་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་༩་པའི་ཚེས་༢༨་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཨོ་སི་མན་བྷ་ཀར་གྱི་ལྷན་དུ་དྲྭ་ལམ་བརྒྱུད་ནས་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱིས་བསྟན་པའི་བྱམས་པ་དང་སྙིང་རྗེའི་སྐོར་བཀའ་མོལ་གནང་རྒྱུའི་མཛད་རིམ་ཞིག་བསྐྱངས་སོང་།།
ད་ཐེངས་ཀྱི་མཛད་རིམ་གོ་སྒྲིག་པ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཚོགས་གཙོས་མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ལེ་ཞི་ཡར་ཆིབས་སྒྱུར་བསྐྱང་དགོས་པའི་གསོལ་འདེབས་ཞུས། ༧གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་ཞལ་བཞེས་མཛད། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་འཇོམས་པའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སིངྒ་པུར་དང་མ་ལེ་ཞི་ཡ་སོགས་ལ་ཆིབས་སྒྱུར་བསྐྱང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་ཅེས་བཀའ་ལན་གནས་སོང་།།
སྔོན་ཆད་མ་ལེ་ཞི་ཡའི་སྲིད་བློན་ཟུར་པ་ཐུན་ཀུ་ཨབ་རྡུལ་ར་ཧ་མན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་གླེང་སློང་དང་རྒྱབ་སྐྱོར་གང་ཐུབ་གནང་བར་དྲན་གསོ་ཞུས་ནས་མ་འོངས་པར་མགོན་པོ་གང་ཉིད་རྒྱལ་ཁབ་དེར་ཆིབས་སྒྱུར་བསྐྱངས་བའི་སྐབས་སུའང་དམ་པ་དེ་ཉིད་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་ཏེ་ལོ་རྗེས་མར་ངེས་པར་དུ་ཕེབས་ཐུབ་ངེས་རེད་ཅེས་ཐུགས་ཐག་ཆོད་པོས་གསུང་ལན་གནང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
༧གོང་ས་མཆོག་གིས་མ་ལེ་ཞི་ཡའི་ན་གཞོན་ཚོར་བཀའ་སློབ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:05:53
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བོད་ཀྱི་རིག་གནས་གཙུག་ལག་རབ་འབྱམས་པ་༩་བསླབ་པ་མཐར་སོན།
མ་ཎ་ལི་ནས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་བར་དུ་ཞི་བའི་གོམ་བགྲོད།
XS
SM
MD
LG