ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༠༨
བོད།
བོད་ཀྱི་རིག་གནས་གཙུག་ལག་རབ་འབྱམས་པ་༩་བསླབ་པ་མཐར་སོན།
༢༤།༠༩།༢༠༢༠
བོད་ཀྱི་རིག་གནས་གཙུག་ལག་རབ་འབྱམས་པ་༩་བསླབ་པ་མཐར་སོན།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་གར་གྱི་བྷེང་ལོར་གཙུག་ལ་སློབ་གྲྭ་དང་མཱེ་སོར་གཙུག་ལག་སློབ་གྲྭ་གཉིས་ཀྱིས་ངོས་འཛིན་ཡོད་པའི་བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་བཅས་ཁྱོན་བསྡོམས་སློབ་ཕྲུག་༧༩་བསླབ་པ་མཐར་སོན་བྱུང་ཡོད་ཅིང་། ལྷག་པར་དུ་ལོ་འདིར་དམིགས་བསལ་གྱི་བྷེང་ལོར་གཙུག་ལག་སློབ་གྲྭས་ངོས་འཛིན་ཡོད་པའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་གཙུག་ལག་རབ་འབྱམས་པ་སློབ་ཕྲུག་དགུ་ཐོན་ཡོད་པ་ནི་མཐོ་སློབ་དེའི་ལོ་རྒྱུས་སུ་ཐེངས་དང་པོ་ཡིན་འདུག
ད་ལོ་ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སློབ་གྲྭ་ཁག་ཚུགས་མ་ཐུབ་པ་དང་ཡིག་རྒྱུགས་གཏང་རྒྱུ་སོགས་ཕྱོགས་གང་ཐད་དུ་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར་བྷེང་ལོར་གྲོང་ཁྱེར་དུ་ཚུགས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་གསར་བསྡུ་ལའང་སློབ་ཕྲུག་རྣམས་སྔར་བཞིན་མཐོ་སློབ་ཏུ་འཛོམས་ཐུབ་ཀྱི་མེད་ཅིང་། དེང་སྐབས་ཀར་ན་ཀྲ་ཀ་མངའ་སྡེ་སྤྱི་དང་བྷེང་ལོར་ཁུལ་དུ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པས་ལོ་འདིར་སློབ་ཕྲུག་གསར་པའི་ཚུད་རྒྱུགས་དེ་ས་གནས་ཁག་བརྒྱད་ལ་ཆ་བགོ་བྱས་ཏེ་ཡིག་རྒྱུགས་ལེན་དགོས་བྱུང་ཡོད་པར་མ་ཟད། ཕྱི་ཟླ་༨་པའི་ཚེས་༡༨་ཉིན་བོད་ཀྱི་རིག་གནས་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སྡེ་ཚན་དུ་སློབ་ཕྲུག་༢༣་གྱིས་ཚུད་རྒྱུགས་བཏང་སྟེ་སློབ་ཕྲུག་༢༢་ཀྱིས་རྒྱུགས་འཕྲོད་འདུག
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ལོ་འདིར་སློབ་ཕྲུག་གསར་པ་བོད་རིག་པའི་གཙུག་ལག་རབ་འབྱམས་པ་༢༢་དང་བོད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་བདུན། སྒྱུ་རྩལ་སྡེ་ཚན་ལ་སློབ་ཕྲུག་༤༡་དང་གློག་ཀླད་སྡེ་ཚན་ལ་སློབ་ཕྲུག་བཅུ། ཚོང་རིག་སྡེ་ཚན་ལ་སློབ་ཕྲུག་༨༦་བཅས་ཁྱོན་བསྡོམས་སློབ་ཕྲུག་༡༠༨་གསར་བསྡུ་བྱས་འདུག ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་ཕྱི་ལོ་༢༠༡༦་ནས་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་ཡོད་པའི་སློབ་གཉེར་ཁང་ཞིག་ཏུ་དེབ་སྐྱེལ་ངོས་འཛིན་ཐོབ། ད་ལྟའི་བར་དུ་སློབ་གཉེར་བ་༤༤༣་བསླབ་པ་མཐར་སོན་བྱུང་ཡོད་པ་རེད།།
Embed
share
བོད་ཀྱི་རིག་གནས་གཙུག་ལག་རབ་འབྱམས་པ་༩་བསླབ་པ་མཐར་སོན།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:41
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
གྷོ་བ་གཙུག་ལག་སློབ་གྲྭ་དང་འབྲས་སྤུངས་བློ་གླིང་ཤེས་ཡོན་བརྗེ་ལེན།
རྒྱ་ནག་གི་གསང་ཉུལ་རེད་ཅེས་བཟུང་བའི་པདྨ་དར་རྒྱས་ངག་དབང་སུ་རེད།
XS
SM
MD
LG