ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༠༨
བོད།
གྷོ་བ་གཙུག་ལག་སློབ་གྲྭ་དང་འབྲས་སྤུངས་བློ་གླིང་ཤེས་ཡོན་བརྗེ་ལེན།
༢༢།༠༩།༢༠༢༠
གྷོ་བ་གཙུག་ལག་སློབ་གྲྭ་དང་འབྲས་སྤུངས་བློ་གླིང་ཤེས་ཡོན་བརྗེ་ལེན།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་གྷོ་བ་གཙུག་ལག་སློབ་གཉེར་ཁང་གིས་ཕྱི་ལོ་༢༠༡༨་ནས་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་འགོ་ཚུགས། ན་ནིང་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་པའི་སྐབས་སུ་འབྲས་སྤུངས་ཚོགས་ཆེན་དུ་ཕེབས་བསུའི་མཛད་སྒོར་བློ་གསལ་གླིང་གྲྭ་ཚང་དང་གྷོ་བ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིར་བསྔགས་བརྗོད་དང་ལས་གཞི་རྒྱུན་འཁྱོངས་དང་རྒྱ་བསྐྱེད་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།།
ད་ལོ་ཏོག་དབྱིབས་རིམས་ནད་ཀྱིས་ཕན་ཚུན་འགྲོ་འོང་གི་འབྲེལ་ལམ་ཆད་པས་གྷོ་བ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་མང་པོར་སེམས་ཁམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རང་སྲོག་གཅོད་མཁན་འགའ་ཞིག་བྱུང་ཡོད་ཅིང་། དེར་བརྟེན་སློབ་གྲྭའི་ཉེ་བའི་རིག་བདག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེར་འབོད་སྐུལ་ཞུས་དོན་བཞིན་བློ་གསལ་གླིང་གྲྭ་ཚང་གིས་ཕྱི་ཟླ་བརྒྱད་པའི་ཚེས་༡༦་ནས་འགོ་འཛུགས་ཀྱིས་དུས་ཡུན་ཟླ་བ་གཅིག་ལ་བདུན་ཕྲག་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་དགེ་ལས་སློབ་ཕྲུག་ཚོར་སྒོམ་གྱི་སྐོར་དྲྭ་ལམ་དུ་སློབ་ཁྲིད་གནང་རྒྱུ་མགོ་བརྩམས། སློབ་ཕྲུག་དང་དགེ་རྒན་སོགས་མི་ཁྲི་གཉིས་ལྷག་སྒོམ་སྒྲུབ་ལ་མཉམ་ཞུགས་བྱས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་མ་ཟད། ད་དུང་དོན་གཉེར་ཅན་གཞན་ལའང་རིན་མེད་དུ་ལྟ་ཉན་བྱེད་པའི་གོ་སྐབས་ཕུལ་ཡོད་ཅེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་གྱིས་འདི་གར་འགྲེལ་བརྗོད་གནང་བྱུང་།།
དུས་ཡུན་ཟླ་བ་གཅིག་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་དར་དོ་དང་དགེ་བཤེས་རིན་ཆེན་དབང་རྒྱལ་རྣམ་གཉིས་ཀྱིས་དྲན་པ་ཉེར་བཞག་དང་དབུགས་འབྱིན་རྔུབ། གཞི་གནས་དང་ལྷག་མཐོང་། སྙིང་རྗེས་བཅས་པ་དབྱིན་སྐད་དུ་སློབ་ཁྲིད་གནང་སྟེ་ནང་པའི་སེམས་ཁམས་རིག་པ་དང་སྒོམ་གྱི་སློབ་ཁྲིད་ལ་གྷོ་བ་གཙུག་ལག་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་པོའི་སྔོན་ནས་གང་གི་ཐུགས་བསྐྱེད་དམ་བཅའ་བཞི་རྩ་འཛིན་གྱིས་དེང་དུས་ཀྱི་འཛམ་གླིང་འདིར་དགོས་མཁོ་ཆེ་བའི་རྒྱ་གར་གྱི་གནའ་བོའི་དཔལ་ལེནྡྲའི་སྲོལ་རྒྱུན་ཤེས་ཡོན་གྱི་ལེགས་བཤད་རྣམས་རྒྱ་གར་ལ་སླར་གསོ་ཡོང་ཐབས་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོར་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་ཚུད་དགོས་རྒྱུ་གལ་ཆེར་གཟིགས་ཏེ་ནང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་རྣམས་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་ཏུ་ཁྱབ་སྤེལ་དགོས་པ། བོད་པའི་གདན་ས་དང་གྲྭ་ཚང་ཁག་གིས་དམིགས་བསལ་གྱི་འགན་ཁུར་བཞེས་ཏེ་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་ལ་ཤེས་ཡོན་བརྗེ་ལེན་གྱི་འབྲེལ་ལམ་འཛུགས་ཐུབ་ན་དགེ་མཚན་ཡོད་པའི་ལམ་སྟོན་རིམ་པ་ཞིག་ཕེབས།།
དེའི་བྲས་བུར་ཕྱི་ལོ་༢༠༡༠་ཡི་ལོ་མཇུག་ཏུ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཆེན་མོས་ཐོག་མར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག ད་ལྟའི་བར་དུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་ཡོད་པ་དང་ཕྱོགས་མཚུངས་ཕྱི་ལོ་༢༠༡༨་ལོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་གྷོ་བ་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཀྱང་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་སྟེ་ལས་གཞི་མང་དག་ཅིག་སྤེལ་བ་ཡོད། དཔེར་ན་སྔ་ལོ་བདུན་ཕྲག་གཉིས་རིང་ལ་གྷོ་བ་གཙུག་ལག་སློབ་ཁང་གི་དགེ་རྒན་དང་སློབ་ཕྲུག་༤༥་ལ་བློ་གསལ་གླིང་དུ་ནང་པའི་སེམས་ཁམས་རིག་པའི་ཟབ་སྦྱོང་སྤྲད་ཡོད་པའི་སྐོར་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
གྷོ་བ་གཙུག་ལག་སློབ་གྲྭ་དང་འབྲས་སྤུངས་བློ་གླིང་ཤེས་ཡོན་བརྗེ་ལེན།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:43
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
སྲིད་སྐྱོང་གིས་ཡིག་འཁྱམ་འགྲེམ་མཁན་ཚོར་ངོ་རྒོལ།
བདེ་སྐྱིད་དང་བཞད་གད་བྱམས་རྩེའི་གསུང་གླེང་།
XS
SM
MD
LG