ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གསུམ་བརྒྱད་མཆོད་འབུལ།


༄༅།། ཕྱི་ཟླ་༣་པའི་ཚེས་༨་ཉིན་ནི་ཕྱི་ལོ་༡༩༨༩་ལོའི་ཕྱི་ཟླ་༣་པའི་ཚེས་༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་པར་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུ་ཅིན་ཐའོ་ཡིས་དམག་མི་༢༠༠༠་ལྷག་བཏང་སྟེ་དྲག་པོའི་ཁྲིམས་གཞི་བསྡམས། སྐབས་དེའི་ཞི་རྒོལ་ལ་ཞུགས་མཁན་བོད་པ་སྐྱ་སེར་མང་པོའི་ཚེ་སྲོག་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག དེ་བཞིན་བོད་པ་མང་དག་ཅིག་འཛིན་བཟུང་བྱས་ནས་ལོ་༣༣་འཁོར་བའི་དུས་དྲན་ཡིན་ཞིང་། དེ་ནས་བཟུང་སྟེ་ལོ་ལྟར་ཕྱི་ཟླ་༣་པའི་ཚེས་༨་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་ཞི་རྒོལ་ནང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་འདས་པོ་ཚོར་མཆོད་འབུལ་དང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་ཚོར་གདུག་སེམས་མཉམ་སྐྱེད་མཚོན་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་ཀྱི་མཛད་གཙོ་རྣམས་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་ཞིག་ཚོགས།།

ཕྱི་ལོ་༡༩༨༩་ལོར་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་ཁྲིམས་གཞི་བསྡམས་ནས་འཛམ་གླིང་གི་གནོན་ཤུགས་འོག་རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་དེ་ལོ་གཅིག་ལྷག་གི་རྗེས་སུ་ཕྱིར་འཐེན་བྱུང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་བ་སོགས་བོད་ལ་ཡོང་དུ་བཅུག་ཀྱང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པའི་རིང་དེར་བོད་པ་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར། ༡༩༨༧་ལོའི་ཕྱི་ཟླ་༩་པ་དང་ཕྱི་ཟླ་༡༠་པ། ཕྱི་ལོ་༡༩༨༨་ལོ་དང་༡༩༨༩་ལོའི་ཕྱི་ཟླ་༣་པ་བཅས་སུ་མི་དམངས་ཀྱི་ཞི་རྒོལ་ཆེན་མོ་བྱུང་། འདི་ནི་ཕྱི་ལོ་༡༩༥༩་ལོའི་ཞི་བའི་སྒེར་ལངས་བྱུང་བ་ནས་བཟུང་སྟེ་བོད་པས་རྒྱ་གཞུང་ལ་ཞི་རྒོལ་བྱུང་བ་ཤུགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG