ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༣་པའི་ཚེས་༨་ཉིན་ནི་རྒྱལ་སྤྱིའི་བུད་མེད་ཀྱི་དུས་ཆེན་ཡིན་ཞིང་། བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་གཞུང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་གཉིས་ཟུང་འབྲེལ་གྱིས་བུད་མེད་ཀྱི་མཛད་རྗེས་ཁག་ལ་བསྔགས་བརྗོད་དང་ཕོ་མོ་དབྱེ་འབྱེད་མཚམས་འཇོག་བྱ་དགོས་ཞེས་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ། དེ་རིང་གི་ལས་འགུལ་བརྒྱུད་ནས་བོད་ནང་ལོགས་སུ་རང་དབང་མེད་པར་གནས་འཁོད་བོད་ཀྱི་བུད་མེད་རྣམས་ཀྱི་ཚབ་ཞུས་ཏེ་དེ་དག་གི་མངོན་འདོད་རྣམས་རྒྱལ་སྤྱིའི་ཐོག་ཏུ་གསལ་སྟོན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG