ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

རྒྱ་གཞུང་གིས་ཚེ་དབང་ནོར་བུ་སྟེས་དབང་གིས་གྲོངས་ལུགས་བསྒྲོག་འཆར།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་རླངས་འཁོར་བརྡབས་པའམ། ཡང་ན་སྟེས་དབང་ཞིག་གིས་འདས་གྲོངས་སུ་གྱུར་པ་རེད་ཅེས་ཁྱབ་བསྒྲགས་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་གནས་ཚུལ་དེའི་སྐོར་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢་པ་ཡས་མས་སུ་ནག་ཆུའི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུས་པོ་ཏ་ལའི་འཁྲིས་ཀྱི་བྲག་སྒོ་ཀཀྞི་མཆོད་རྟེན་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་ཕྱིས་སུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་ཚེས་༢༦་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ལྷ་ས་དང་ཨ་རི་ནས་ཕྱི་ཚེས་༢༥་ཉིན་ལྷ་སར་བོད་པ་ཞིག་གིས་པོ་ཏ་ལའི་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པར་མ་ཟད། མི་དེ་རྒྱ་གཞུང་གིས་ཉེན་རྟོག་པས་འཕྲལ་དུ་བཙན་ཁྲིད་བྱས་སོང་། ཉིན་དེར་རྒྱ་གཞུང་གིས་ལྷ་སར་དམ་དྲག་ནན་པོ་བྱས་ནས་པ་ཏ་ལའི་གཡས་གཡོན་དུ་བོད་པ་ཚོར་རླངས་འཁོར་ནང་དུ་སྣུམ་ཡང་ལྡུག་ཏུ་འཇུག་གི་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་བ་རྣམས་ཕྱི་ཟླ་༢་པའི་ཚེས་༢༧་ཉིན་གྱི་སྔ་དྲོའི་རླུང་འཕྲིན་ལས་རིམ་ནང་དུ་བཏང་ཟིན།།

གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཕྱི་ཟླ་༢་བའི་ཚེས་༢༥་ཉིན་བོད་ཀྱི་གཞས་པ་སྐད་གྲགས་ཅན་ཚེ་དབང་ནོར་བུས་ཕོ་བྲང་པོ་ཏ་ལའི་མདུན་དུ་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་འདས་གྲོངས་སུ་གྱུར་པ་རེད་ཅེས་གནས་ཚུལ་མང་དག་ཅིག་ཐོན། འོན་ཀྱང་ད་སྔ་རྒྱ་ནག་གཞུང་དང་ཚེ་དབང་ནོར་བུའི་གླུ་གཞས་ཚོང་གཉེར་ཁང་། ཁོང་གི་སྤུན་མཆེད་དང་ངོ་ཤེས་སོགས་ཀྱིས་གནས་ཚུལ་དེ་བདེན་པ་ཡིན་མིན་གྱི་ངེས་གཏན་གང་ཡང་བྱུང་མེད་པ་རེད།།

XS
SM
MD
LG