ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཞས་པ་གྲགས་ཅན་ཚེ་དབང་ནོར་བུའི་ཆེད་དུ་མར་མེ་ཁྲོམ་སྐོར།


༄༅།། ཕྱི་ཟླ་༣་པའི་ཚེས་༧་གྱི་ཕྱི་དྲོར་གཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་དམ་པ་དེའི་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་གིས་ད་ལྟའི་བར་དུ་བོད་ནང་ལོགས་སུ་སྐུ་ལུས་མེར་སྲེག་གཏོང་མཁན་༡༥༨་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཞས་པ་ཚེ་དབང་ནོར་བུ་དང་ཕ་ཡུལ་གཅིག་པ་བཀྲ་ཤིས་བསམ་གཏན་གྱིས་བརྗོད་དོན་ལྟར་ན། ཁོ་པ་གཞས་པ་ཚེ་རང་དབང་ནོར་བུའི་གཞས་ལ་ཉན་རྒྱུར་དགའ་པོ་ཡོད། བཙན་བྱོལ་སྤྱི་ཚོགས་སུ་བོད་པ་ཚོས་གཞིས་ལུས་མི་མང་གི་བློས་གཏོང་རྣམས་ཡང་ནས་ཡང་དུ་དྲན་གསོ་བྱེད་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་ཤིང་། རྒྱ་ནག་གཞུང་གིས་བོད་པ་དང་གྲངས་ཉུང་མི་རིགས་རྣམས་གཙོས་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་མ་ཟད། བོད་པ་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་དཀར་གྱིས་བོད་ནང་གི་གནས་སྟངས་ལ་བལྟས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་ཚོས་ལས་འགུས་ཆེ་ཆུང་ལ་མ་ལྟོས་པར་ཉིན་ལྟར་ལས་འགུལ་སྤེལ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་འབོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG