ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཙན་བྱོལ་བོད་མའི་ས་གནས་འགོ་འཛིན་གྱི་ཚོགས་འདུ་མཇུག་སྒྲིལ།


༄༅།། སྐབས་༡༦་པའི་བཀའ་ཤག་གི་སྐོང་ཚོགས་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་དེ་ཟླ་བ་འདི་ཚེས་༡༡་ཉིན་མཇུག་སྒྲིལ་ཡོད་ཅིང་། ཉིན་གསུམ་གྱི་ཚོགས་ཆེན་ཐོག་ཏུ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་༤༣་གྱིས་འཛིན་སྐྱོང་དང་འབྲེལ་བའི་གྲོས་ཆོད་བཅུ་གཉིས་ལ་གྲོས་སྡུར་གྱིས་བཙན་བྱོལ་བོད་མིའི་གཞི་སྒར་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ས་གནས་ཚང་མར་སྤྱི་མཚུངས་ཤིག་ལག་བསྟར་བྱ་རྒྱུ་དེར་དཀའ་ངལ་ཡོད་པར་དབུས་ནས་ལམ་སྟོན་གནང་དགོས། བོད་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་ཟིན་པ་རྣམས་ཀྱིས་མུ་མཐུད་དུ་ས་ཁང་བདག་འཛིན་བྱེད་བཞིན་པ་དེར་སྒྲིག་འཛུགས་ཀྱིས་དོ་དམ་གནང་དགོས་པར་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་མ་འོངས་པར་དྲྭ་ཐོག་ཏུ་འཛིན་སྐྱོང་གནང་ཕྱོགས་ཀྱི་ཞིབ་གསལ་ལམ་སྟོན་གནང་དགོས། དེ་བཞིན་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་དགོས་པ་སོགས་ཀྱི་གྲོས་སྡུར་བྱུང་སྟེ་ནང་སྲིད་ལས་ཁུངས་ཀྱིས་གྲོད་ཆོད་དེ་དག་དབུས་ནས་བསྒྲུབ་དགོས་པ་གང་ཡོད་དང་ས་གནས་སུ་བསྒྲུབ་དགོས་པ་གང་ཡོད་དབྱེ་ཞིབ་བྱས་ནས་རིམ་བཞིན་ས་གནས་ཁག་ལ་བཀོད་ཁྱབ་གཏང་རྒྱུའི་ཐག་གཅོད་བྱུང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG