ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་མི་དམངས་སྤྱི་འཐུས་ཀྱི་གདན་གྲངས་སྤར་དགོས་མིན་གྱི་ཞིབ་འཇུག


༄༅།། ལྔ་དང་ལྔ་བཅུའི་ལས་གཞིའི་མགྲིན་ཚབ་པ་ལྷ་རོང་གིས་ཟླ་བ་འདིའི་ཚེས་༢༥་ཉིན་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླིང་སྟེགས་ཁང་གིས་གོ་སྒྲིག་ལྟར་མེག་ལོར་བོད་ཀྱི་མགྲོན་ཁང་དུ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ནང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་ཁ་འཐོར་བའི་སྤྱི་ཚོགས་ཁག་ལ་སྤྱི་འཐུས་ཀྱི་ས་མིག་མང་དུ་གཏོང་དགོས་མིན་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ་གསར་འགོད་ལྷན་ཚོགས་བསྐོངས་ཡོད་ཅིང་། སྐབས་དེར་ལྔ་དང་ལྔ་བཅུའི་ལས་གཞིའི་མགྲིན་ཚབ་པ་ལྷ་རོང་གིས་ང་ཚོས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཡིན། གལ་སྲིད་དུས་ཀྱི་དགོས་མཁོར་གཞིགས་ནས་སྤྱི་འཐུས་ཀྱི་གདན་གྲངས་སྤར་དགོས་ན་སྤར་ཆོག་གི་ཡོད་པ་བཅའ་ཁྲིམས་སུ་འཁོད་འདུག འོན་ཀྱང་མི་དམངས་ཀྱིས་དེ་ལ་རྒྱབ་སྐྱོར་བྱ་དགོས་། མི་དམངས་ཀྱི་བརྒྱབ་སྐྱོར་མེད་ན་སྤྱི་འཐུས་ཀྱི་གདན་གྲངས་སྤར་དང་མ་སྤར་ལ་ཁྱད་པར་མི་འབྱུང་། ང་ཚོས་མི་༤༠༠༩་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༥་ཙམ་གྱིས་སྤྱི་འཐུས་ཀྱི་གདན་གྲངས་སྤར་དགོས་ཀྱི་འདུག་ཅེས་ལན་འདེབས་བྱས་སོང་། ལྷག་པར་དུ་སྲིད་སྤྱི་གཉིས་ཀྱི་འོས་མིར་ལང་མཁན་ཚོས་སྤྱི་འཐུས་ཀྱི་གདན་གྲངས་སྤར་དགོས་པའི་ལན་འདེབས་བྱེད་ཀྱི་འདུག་ཅེས་བསྒྲགས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG