ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༥/༠༩
བོད།
བོད་ཕྲུག་གསུམ་ལ་སྦྱངས་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ།
༢༥།༠༡།༢༠༢༡
བོད་ཕྲུག་གསུམ་ལ་སྦྱངས་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། བོད་པའི་སློབ་ཕྲུག་མང་པོ་ཞིག་རྒྱལ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་སློབ་ཆེན་རྣམས་འགྲིམ་བཞིན་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་མཐོ་སློབ་དེ་དག་གི་ནང་དུའང་བོད་ཕྲུག་སློབ་གཉེར་བ་མི་ཉུང་བ་ཞིག་ཡོད་ཅིང་། རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་ཡོད་པའི་རྒྱ་གར་གྱི་མཐོ་སློབ་དེ་དག་གི་ནང་དུ་བོད་ཕྲུག་ཚོའི་ཤེས་ཡོན་སྦྱངས་འབྲས་གཟེངས་སུ་ཐོན་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། ལོ་འདི་གཅིག་པུར་རྒྱ་གར་ལྷོ་ཕྱོགས་སུ་སྙན་གྲགས་ཆེ་བའི་མཐོ་སློབ་ཁག་གཉིས་སུ་བོད་ཕྲུག་གསུམ་ལ་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཏུ་ཤེས་ཡོན་སྦྱངས་འབྲས་རྩེ་ཕུད་གསེར་གྱི་རྟགས་མ་ཐོབ་འདུག
ཉེ་ཆར་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་བྷེང་ལོར་གྲོང་ཁྱེར་གྱི་དྷ་ཡ་ནན་དྷ་ས་གྷར་གཙུག་ལག་སློབ་གྲྭའི་སྐབས་༤་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཏུ་ཚོང་རིག་འཛིན་སྐྱོང་མཐོ་རིམ་རབ་འབྱམས་པའི་སྡེ་ཚན་དུ་སྦེལ་ཀོབ་གཞིས་ཆགས་ཀྱི་བུ་མོ་བསྟན་འཛིན་ཆོས་འཛོམས་ལ་སྦྱངས་འབྲས་རྩེ་ཕུད་གསེར་གྱི་རྟགས་མ་ཐོབ། མཐོ་སློབ་དེའི་ཚོང་རིག་མཐོ་རིམ་རབ་འབྱམས་པའི་སྡེ་ཚན་དུ་སྦེལ་ཀོབ་གཞིས་ཆགས་ཀྱི་བུ་མོ་བསོད་ནམས་ཆོས་སྐྱིད་ལ་སྦྱངས་འབྲས་རྩེ་ཕུད་གསེར་གྱི་རྟགས་མ་ཐོབ། དེ་བཞིན་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡༡་པར་མེ་སོར་གྲོང་ཁྱེར་གྱི་ཇཱེ་ཨེ་སི་ཨེ་སི་མཐོ་སློབ་ཏུ་བོད་ཕྲུག་སློབ་གཉེར་བ་པདྨ་རྒྱལ་མཚན་ལ་མཐོ་སློབ་དེའི་སྐབས་༡༡་པའི་བསླབ་པ་མཐར་སོན་མཛད་སྒོའི་ཐོག་ཏུ་ཁོར་ཡུག་ཚན་རིག་སྡེ་ཚན་ཀྱི་སྦྱངས་འབྲས་རྩེ་ཕུད་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད།།
དྷ་ཡ་ནན་དྷ་ས་གྷར་གཙུག་ལག་སློབ་གྲྭར་རྒྱལ་ཁབ་༢༧་གྱི་སློབ་ཕྲུག་༢༧༠༠༠་ལྷག་དང་ཇཱེ་ཨེ་སི་ཨེ་སི་མཐོ་སློབ་ཏུ་རྒྱལ་ཁབ་༢༠་ཙམ་གྱི་སློབ་ཕྲུག་༡༠༠༠༠་བརྒལ་བ་ཞིག་གིས་སློབ་སྦྱོང་བྱེད་བཞིན་ཡོད་འདུག བོད་ཕྲུག་སློབ་གཉེར་བ་ཚོས་མཐོ་སློབ་དེ་དག་ལ་ལོ་རེར་སློབ་ཡོན་བརྒྱ་ཆ་༢༥་མ་གཏོགས་སྤྲོད་མི་དགོས་པའི་དམིགས་བསལ་གྱི་ཆག་ཡང་ཐོབ། བུ་མོ་བསྟན་འཛིན་ཆོས་འཛོམས་དང་བསོད་ནམས་ཆོས་སྐྱིད་གཉིས་ལ་སྦྱངས་འབྲས་རྩེ་ཕུད་གསེར་གྱི་རྟགས་མ་ཐོབ་པར་དགའ་ཚོར་ཅི་བྱུང་དྲིས་པར་སློབ་ཕྲུག་གཉིས་ཀས་སོ་སོ་འཛིན་གྲྭར་མ་ཆད་པར་ཞུགས་པ་དང་རང་སྦྱོང་ཧུར་ཐག་བྱས་པའི་གྲུབ་འབྲས་ཡིན་ཞེས་ལན་འདེབས་བྱས་བྱུང་།།
གཞན་ཡང་པད་མ་རྒྱལ་མཚན་གྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་ཕྲུག་ཁྱིམ་སྡེ། དེ་བཞིན་དགེ་རྒན་རྣམ་པའི་ཐུགས་རྗེ་བཀའ་དྲིན་དང་སོ་སོ་རང་གིས་སློབ་སྦྱོང་ཧུར་བརྩོན་བྱས་པའི་གྲུབ་འབྲས་ཡིན་ཞེས་ལན་བཏབ། བོད་ཕྲུག་མང་པོ་ཞིག་བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་རྒྱ་གར་གྱི་མཐོ་སློབ་སྐད་གྲགས་ཅན་མང་དག་ཅིག་གི་ནང་དུ་བོད་ཕྲུག་ཁྱིམ་སྡེས་ཆེད་བཙུགས་བོད་ཁྱིམ་སྡོད་ཁང་གཅིག་པུར་སློབ་ཕྲུག་༢༠༠་ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག བོད་ཁྱིམ་སྡོད་ཁང་གི་དབུ་འཛིན་ཆོས་དབྱིངས་ཀྱིས་བྷེང་ལོར་གྲོང་ཁྱེར་དུ་བོད་ཕྲུག་སློབ་གཉེར་བ་རྣམས་ཤེས་ཡོན་སྡེ་ཚན་འདྲ་མིན་གྱི་ནང་དུ་སློབ་སྦྱོང་བྱེད་བཞིན་ཡོད། བོད་ཕྲུག་མང་ཆེ་བས་སྨན་ཞབས་པའི་སློབ་སྦྱོང་བྱེད་ཀྱི་འདུག སློབ་སྦྱོང་གི་གནས་ཚད་ཀྱང་འགྲིག་ངེས་འདུག་ཅེས་ངོ་སྤྲོད་གནང་བྱུང་།།
བྷེང་ལོར་གྲོང་ཁྱེར་དུ་གནས་འཁོད་བཀྲ་ཤིས་དབང་འདུས་ནི་དམིགས་བསལ་མཐོ་སློབ་ཁག་གི་བོད་པའི་སློབ་ཕྲུག་ཚོར་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ཁོང་གིས་བོད་ཕྲུག་ཚོའི་སློབ་སྦྱོང་ལ་དོ་སྣང་ཆེན་པོ་གནང་གི་ཡོད་ཅིང་། སྐུ་ཞབས་བཀྲ་ཤིས་དབང་འདུས་ཀྱིས་དེང་སྐབས་སྔོན་དང་མི་འདྲ་བར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བོད་ཕྲུག་གསེར་གྱི་རྟགས་མ་ལེན་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དང་མེ་སོར་བཅས་ཀྱི་གཙུག་ལག་སློབ་གྲྭ་སྐད་གྲགས་ཅན་ཁེ་རེ་སི་སློབ་ཆེན་དང་ཨོཀ་སི་ཧྥོར་ཌི་སློབ་ཆེན། ཇཱེ་ཨེ་སི་སློབ་ཆེན་བཅས་སུ་འཛིན་སྐྱོང་དང་སྒྱུ་རྩལ། བཟོ་བཀོད། ཁྲིམས་ལུགས་སོགས་ལ་སློབ་སྦྱོང་བྱེད་མཁན་བོད་ཕྲུག་རྣམས་ལོ་རེ་བཞིན་ཇེ་མང་སོང་སྟེ་བྷེང་ལོར་གྲོང་ཁྱེར་གྱི་མཐོ་སློབ་བཅུ་གྲངས་ཤིག་གི་ནང་དུ་བོད་ཕྲུག་སློབ་གཉེར་བ་རྣམས་ཁྱབ་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་ལྡན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
བོད་ཕྲུག་གསུམ་ལ་སྦྱངས་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:08:00
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
This item is part of
བོད།
བཙན་བྱོལ།
འབྲེལ་ཡོད།
ན་གཞོན་གོམ་བགྲོད་པ་གཉིས་པོ་ཉིན་ཤས་ནང་སྣ་ཐོད་ལར་འབྱོར་གྱི་འདུག .
བོད་པ་ཚོས་ནིའུ་ཡོག་གི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།
XS
SM
MD
LG