ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཚོས་ནིའུ་ཡོག་གི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།


༄༅།། ཨ་རིའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ཏུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག སྤྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༩་པའི་ཚེས་༡༧་ཉིན་བོད་འབྲི་རུ་རྫོང་དུ་ཤུར་མོ་ཞེས་པའི་བོད་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཅིང་། སྔ་ལོ་རྫ་དབོན་པོ་དགོན་གྱི་གྲྭ་པ་ལོ་ན་༡༩་ལ་སོན་པའི་བསྟན་འཛིན་ཉི་མ་ཞེས་པ་ཞིག་གིས་བོད་རང་བཙན་ཡིན་ཞེས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་བཀྲམ་པར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པར་མ་ཟད། ཁོང་ལ་བཙོན་ཁང་དུ་མནར་གཅོད་ཚབས་ཆེན་ཕོག་སྟེ་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་འདས་གྲོངས་སུ་གྱུར་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མར་མེའི་ཁྲོམ་སྐོར་བྱས་ཡོད་པའི་སྐོར། ནིའུ་ཡོག་ནས་འདི་གའི་གསར་འགོད་པ་ངག་དབང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG