དུས་རྒྱུན་ལྷོ་ཀོ་རི་ཡའི་ཆབ་སྲིད་མི་སྣ་ཚོས་རྒྱ་ནག་ལ་ཕོག་ཐུག་འགྲོ་རྒྱུར་དོགས་ཟོན་བྱས་ཏེ་གང་ཅིའི་ཐད་གཟབ་གཟབ་བྱེད་ཀྱི་ཡོད་པ་མ་ཟད། ཨ་རྒྱ་གཉིས་དང་འབྲེལ་བ་བྱེད་དུས་བར་གནས་ཀྱི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་ཀྱང་། ད་ཆ་ལྷོ་ཀོ་ར་ཡའི་མི་མང་པོ་ཞིག་དང་ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་རྒྱ་ནག་དམར་ཤོག་ལ་མི་དགའ་མཁན་དང་ཞེན་པ་ལོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།