ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲུག་ལ་འཕྲད་པའི་ཉེན་ཁ་འདི་རྒྱ་ནག་ཡིན་སྲིད་པ།


རྒྱ་ནག་ཏུ་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་གྷོ་ཏམ་བྷམ་བྷ་ཝ་ལིས་འབྲུག་རྒྱལ་ཁབ་ལ་རྒྱ་ནག་གི་ཉེན་ཁ་ཇི་ཡོད་ད་ལྟའི་བལ་ཡུལ་གྱི་གནས་སྟངས་ནས་གསལ་ཤེས་ཐུབ་ཀྱི་རེད་ཅེས་གསུངས་ཤིང་། དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐབས་ལམ་ལྟེ་གནས་ཁང་གིས་གོ་སྒྲིག་གནང་བའི་འབྲུག་ཡུལ་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་བརྗོད་ཐོག་རྒྱ་གར་གྱི་མཁས་པ་དང་ཆེད་ལས་མི་སྣའི་བགྲོ་གླེང་ཐོག་རྒྱ་ནག་གཞུང་གིས་འབྲུག་རྒྱལ་ཁབ་ལ་ས་མཚམས་དང་དམག་ཐབས། དེ་བཞིན་ཚོང་དང་དཔལ་འབྱོར་སོགས་ཀྱི་ཐད་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་བཞིན་པའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས་ཀྱི་སྐོར་ལྡི་ལི་གསར་པ་ནས་འདི་གར་རླུང་འཕྲིན་ཁང་གིས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG