ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

རྒྱ་ནག་གིས་ཐའེ་ཝན་ཉེ་འཁོར་དུ་དྲག་པོའི་དམག་སྦྱོང་བྱས་འདུག


རེ་ཊྲེ་སིའི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་དམག་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཐེ་ཇུས་དང་ཐའེ་ཝན་རང་བཙན་སྟོབས་ཤུགས་ལ་རྒོལ་ལན་སློག་ཆེད་རེས་གཟའ་མིག་དམར་ཉིན་ཐའེ་ཝན་མཚོ་ཁུག་གི་ཉེ་འཁོར་ལ་དམག་སྦྱོང་བྱས་འདུག སྲིད་དོན་ཉམས་ཞིབ་པ་འགའ་ཤས་ཀྱིས་ཉེ་ཆར་ཨ་རིའི་དཔུང་དམག་རྣམས་ཨབ་གྷན་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ཡོད་པ་དང་ཐ་ལི་བྷན་གྱེན་ལོག་ཕྱོགས་ཁག་གིས་ལམ་སེང་ཨབ་གྷན་ཎི་སི་ཐན་གྱི་རྒྱལ་ས་དང་བཅས་པ་ས་གནས་མང་པོ་ཞིག་བཙན་བཟུང་བྱས་པའི་དོན་རྐྱེན་དེས་གཅིག་བྱས་ན་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་པའི་བློ་ཁོག་དེ་ཇེ་ཆེར་གཏོང་ཡོད་སྲིད་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG