ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧོང་ཀོང་ནང་སྤྱི་འབངས་སྤྱི་ཚོགས་ཀྱི་ཚོགས་པ་རྣམས་མེད་པར་འགྱུར་བཞིན་པ།


ཧོང་ཀོང་ལ་ན་ནིང་ཟླ་བ་བདུན་པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་ནས་ད་བར་ཧོང་ཀོང་ནང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་མང་པོ་ཞིག་དང་ལས་བཟོའི་ཚོགས་པ། དེ་བཞིན་ས་ གནས་ཀྱི་སྒྲིག་འཛུགས་དེ་དག་ལོ་རྒྱུས་ལ་འགྱུར་བཞིན་ཡོད་ལ། ཧོང་ཀོང་ནང་དགེ་རྒན་གྱི་ལས་བཟོའི་ཚོགས་པ་ཆེ་ཤོས་དང་ཧོང་ཀོང་ཆེད་ལས་མི་སྣའི་ལྷན་ཚོགས་སོགས་མེད་པ་བཟོ་རྒྱུའི་གསལ་བསྒྲགས་ བྱས་པའི་རྗེས་ལ་ཚོགས་པ་བཙུགས་ནས་ལོ་ཉི་ཤུའི་དུས་ཡུན་རིང་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྒྲིག་འཛུགས་བྱེད་མཁན་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་ཕྱོགས་ཟེར་བ་དེའི་ལས་དབང་ཡང་གོང་མཚུངས་ལྟར་ཡིན་པའི་སྐོར་འདི་ག་VOAཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG