ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ར་ཤི་ཡའི་ཆོས་ཞུ་བ་ཚོར་གསུང་ཆོས་དབུ་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ར་ཤི་ཡའི་ཆོས་ཞུ་བ་ཚོར་གསུང་ཆོས་དབུ་འཛུགས།

༄༅།། ར་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༡་ཚེས་༤་ནས་ཉིན་གཉིས་ལ་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གསུང་ཆོས་གནང་གི་ཡོད་ཅིང་། དེ་རིང་གི་གསུང་ཆོས་སྐབས་སུ་ར་ཤི་ཡའི་སྐུ་ཚབ་དོན་གཅོད་དང་ཁུལ་དེའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེས་ཨུ་རུ་སུའི་དད་ལྡན་མང་ཚོགས་ལ་དངོས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་སོགས་གསུང་ཆོས་ཞུ་རྒྱུའི་འདུན་པ་ཧ་ཅང་ཆེན་པོ་ཡོད་ཀྱང་ནད་ཡམས་ཀྱིས་རྐྱེན་པས་སླར་ཡང་དྲྭ་ལམ་དུ་གསུང་ཆོས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་བཀའ་དྲིན་བླ་ལྷག་ཏུ་ཆེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་ར་ཤི་ཡའི་དད་ལྡན་པ་ཚོས་ནང་པ་སངས་རྒྱས་པའི་གཞུང་ཁག་ཅིག་ཨུ་རུ་སུའི་སྐད་ཡིག་ལ་ཕབ་སྒྱུར་བྱས་པ་དེ་དག་གི་གྲས་ཀྱི་གཅིག་ནི་ཐེངས་འདིའི་གསུང་ཆོས་ཀྱི་ཕྱག་དཔེ་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་འདི་རེད་ཅེས་སྙན་སྒྲོན་ཞུས།།

སྤྱིར་ར་ཤི་ཡའི་རང་སྐྱོང་ས་ཁུལ་ཁག་གི་སོག་རིགས་གྲས་སུ་ནང་པ་མང་པོ་ཡོད་པས་༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་ཀྱི་སྤྱི་བཤད་སྐབས་སུ་ཧོར་བོད་གཉིས་ལ་ལོ་མང་གི་ཆོས་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་ཚུགས་ཡོད། ཧོར་བོད་གཉིས་ཀར་ཆབ་སྲིད་ཀྱི་དཀའ་སྡུག་དུ་མ་ཞིག་ཕྲད་ཀྱང་ད་ལྟ་ཡང་རྒྱལ་ཁབ་དེ་དག་གི་ནང་དུ་དཔལ་ནཱལེནྡྲ་ནས་དར་འཕེལ་ཆེན་པོ་བྱུང་བའི་ཚད་མ་རིག་པའི་གཞུང་རྣམས་སློབ་གཉེར་རྒྱུན་འཁྱོངས་བྱེད་མཁན་མང་པོ་ཡོད་པར་མ་ཟད། འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཆེན་པོ་ཐོན་ཡོད། དེ་དག་སླར་གསོ་ཡག་པོ་བྱ་རྒྱུ་གལ་ཆེན་ཡིན་ཞེས་ལམ་སྟོན་གནང་འདུག དེ་རིང་གི་ཆོས་འབྲེལ་དངོས་གཞིའི་རྗེས་སུ་དད་ལྡན་ཆོས་ཞུ་བ་ཚོར་དོགས་གཅོད་ཞུ་རྒྱུའི་གོ་སྐབས་གནང་སྟེ་དགེ་འདུན་གྱི་སྡེ་འཕེལ་རྒྱས་ཡོང་རྒྱུར་ལམ་སྟོན་དང་མི་རྟག་པའི་རང་བཞིན་ཅན་མིན་པའི་ཆོས་ཤིག་མེད་པ། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐམས་ཅད་ཀྱིས་ཉིན་ལྟར་རྣལ་འབྱོར་གྱི་སེམས་བསྐྱེད་ཐུབ་ན་ལེགས་པོ་ཡོད་ཅེས་གསུངས། སེམས་བསྐྱེད་ཚུལ་ནི་མགོན་པོ་གང་ཉིད་ཀྱིས་ཉིན་ལྟར་སྟོང་ཉིད་སྒོམ་པ་དང་བྱང་ཆུབ་ཀྱི་སེམས་ཉམས་བཞེས་ཇི་ལྟར་གནང་གི་ཡོད་པ་རྣམས་ངོ་སྤྲོད། ཨུ་རུ་སུའི་དད་ལྡན་པའི་གྲས་སུ་པཱ་ལིའི་ཆོས་བརྒྱུད་ཉམས་ལེན་གནང་མཁན་ཡོད་པ་དེ་དག་གིས་དྲན་པ་ཉེར་བཞག་བཞི་ལ་རྩལ་འདོན་གནང་གི་ཡོད་པ་བཞིན་ཐེག་པ་ཆེན་པོའི་ལུགས་ཀྱི་དྲན་པ་ཉེར་བཞག་བཞི་སྒོམ་ཚུལ་རྣམས་ཇི་ལྟར་ཡིན་མིན་དོགས་གཅོད་ཞུས། ༧གོང་ས་མཆོག་གིས་དེ་དག་ནི་ཐེག་པ་ཐུན་མོང་བའི་ཉམས་ལེན་རེད། ང་ཚོས་དུས་རྟག་ཏུ་སྨོན་ལམ་འདོན་རྒྱུ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་དང་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རིམ་གྱིས་འཇུག་སེམས་ཀྱི་ཉམས་ལེན་ལ་འཇུག་ཚུལ་དང་དེས་འཛམ་གླིང་སྤྱི་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་ཅེས་བསྟན། ཐོག་མར་ར་ཤི་ཡའི་ཆོས་འབྲེལ་འདི་ཕྱི་ལོ་༢༠༠༩་ལོར་དབུ་འཛུགས་གནང་སྟེ་བཞུགས་སྒར་རྡ་རམ་ས་ལ་དང་རྒྱ་གར་རྒྱལ་ས་ལྡི་ལི། ལཱ་ཊི་ཝྭི་ཡའི་རྒྱལ་ས་རི་གྷ་བཅས་ལ་ཆོས་འབྲེལ་བསྐྱངས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG