ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཏོག་དབྱིབས་ནད་རིམས་ལས་དོན་ལ་བསྐྱར་སྒྲིག་གནང་།


སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རེས་གཟའ་པ་སངས་ཉིན་རྡ་རམ་ས་ལ་ཁུལ་དུ་ཏོག་དབྱིབས་ནད་པའི་ཟུར་བཀག་བྱ་ཡུལ་གཉིས་ལ་གཟིགས་ཞིབ་གནང་བ་མ་ཟད། དབུས་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ལྷན་ཏོག་དབྱིབས་ནད་རིམས་ཀྱི་གནས་སྟངས་སྐོར་ལ་བཀའ་བསྡུར་གནང་རྗེས་རེས་གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་ནད་རིམས་དང་འབྲེལ་བའི་དཀའ་སེལ་དང་། དེ་འབྲེལ་ལས་དོན་གནང་ཕྱོགས་ཀྱི་ལས་རིམ་ལ་བསྐྱར་བསྒྲིགས་གནང་བའི་གསལ་བསྒྲགས་གནང་ཡོད་པའི་སྐོར་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་གནང་པ་འདི་གསན་རོགས་གནང་།


XS
SM
MD
LG