ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་དང་ཐེ་ཝན་གྱི་གཞུང་ཚབ་པ་མཇལ་འཕྲད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཆེ་རིང་གིས་ཕྱི་ཟླ་༡༠་པའི་ཚེས་༤་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་པཱའོ་ཧྲྭན་གེར་གཙོས་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་ཅིག་ལ་མཇལ་མོལ་གནང་འདུག བོད་མིའི་སྒྲིག་འཛུགས་ལྡི་ལིའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་སྐབས་དེར་སྲིད་སྐྱོང་གི་ལྷན་དུ་བཅར་ཡོད་ཅིང་། ཁོང་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་སྲིད་སྐྱོང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་ཅིག་དང་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་མོལ་གནང་བའི་ལས་རིམ་དེ་ཧ་ཅང་ཡག་པོ་བྱུང་སོང་། ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཆ་ནས་ཐེ་ཝན་གྱི་གཞུང་ཚབ་པར་མཇལ་མོལ་བྱུང་བ་མ་གཏོགས་ཕྱི་རྒྱལ་གྱི་གཞུང་ཚབ་པ་གཞན་པ་སུ་སུ་ལ་མཇལ་འཕྲད་གནང་ཡོད་མེད་སོགས་གསལ་བཀྲོལ་བྱས་མ་བྱུང་། འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་མཛད་ཁུར་བཞེས་ནས་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པ་ཐེངས་གསུམ་ཡིན་ཞིང་། ཕྱོགས་ཕེབས་ཐེངས་དང་པོ་དང་གཉིས་པའི་སྐབས་སུ་རྒྱ་གར་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་དང་བློན་ཆེན་ཚོར་མཇལ་མོལ་གནང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG